དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སོ་དགུ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-18

    ཚེས་16ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སོ་དགུ་པ་འཚོགས་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། འདི་གར་ལུས་པའི་ཡུལ་སྐོར་བའི་ཞབས་ཞུ་འགན་ལེན་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9ཚེས་15ཉིན་གྱི་ཆུ་ཚོད་0ནས་24བར་ལྗོངས་ཡོངས་སུ་ཡུལ་དེ་རང་གི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་10(ལྷ་ས་གྲོང་ཁྱེར་ལ་9དང་ཆབ་མདོ་གྲོང་ཁྱེར་ལ་1)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་108(ལྷ་ས་གྲོང་ཁྱེར་ལ་95དང་། གཞིས་རྩེ་གྲོང་ཁྱེར་ལ་12 ཆབ་མདོ་གྲོང་ཁྱེར་ལ་1)མང་དུ་ཕྱིན་ཡོད་པ་རེད།

    ཟླ་9ཚེས་16ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་རང་གི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་2(ལྷ་ས་གྲོང་ཁྱེར་ལ་1དང་ཆབ་མདོ་གྲོང་ཁྱེར་ལ་1)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་21(ལྷ་ས་གྲོང་ཁྱེར་ལ་20དང་གཞིས་རྩེ་གྲོང་ཁྱེར་ལ་1)མང་དུ་ཕྱིན་ཡོད་པ་རེད།

    ཟླ་9ཚེས་15ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་58དང་ཉེན་ཁ་འབྲིང་བའི་ཁུལ་114ཡོད་པ་རེད།

    ཟླ་9ཚེས་15ཉིན་ཏོག་གསར་ནད་དུག་འགོས་པ་118མང་དུ་ཕྱིན་པ་དེ་དག་ཚང་མ་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་ཤ་སྟག་ཡིན་པ་རེད།

    ཟླ་9ཚེས་15ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་2146དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། ཐད་འབྲེལ་པ་51763ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་རེད། མིག་སྔར། མི་གྲངས་52658ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས། རིམས་ནད་ཐོན་ཚུན། རིམ་ཁག་ཡུལ་སྐོར་འཕེལ་རྒྱས་སྡེ་ཚན་གྱིས་བྱ་སྤྱོད་མྱུར་པོ་སྤེལ་ནས་ཁོངས་གཏོགས་ཁུལ་དུ་ལུས་པའི་ཡུལ་སྐོར་བའི་གནས་ཚུལ་ལ་གྲལ་བཤེར་ཧུར་ཐག་བྱེད་པ་དང་། འཕྲལ་སྡོམ་འགན་ལེན་གྱི་དགོས་མཁོའི་ཆ་འཕྲིན་འཚོལ་བསྡུ་དང་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཉིང་སྐྱུར་བརྟག་དཔྱད་དང་། དམིགས་བསལ་ཚོགས་སྤྱིར་ཞབས་ཞུ། གཙང་གླས་གནམ་གྲུ་བོད་ནས་གཏོང་བ་སོཌ་ཀྱི་ཞབས་ཞུ་འགན་ལེན་བྱ་ཐབས་བཏོན་ཏེ་འདི་གར་ལུས་པའི་ཡུལ་སྐོར་བའི་ཞབས་ཞུ་འགན་ལེན་ནུས་ཤུཌ་ཡོད་རྒུས་ཡག་པོ་བསྒྲུབས་ཡོད་ཅེས་གསུངས་པ་རེད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ཏང་ཙུའུ་ཡི་ཁོངས་མི་ཐིང་ཀྲང་གཞོན་པ་ལུའོ་རེན་ཅེས་ངོ་སྤྲོད་བྱས་དོན། ཏན་ཏིག་ནུས་ལྡན་གྱི་ལས་ཀའི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད་ཟླ་9ཚེས་15ཉིན་བར་ཡུལ་སྐོར་བ་ཐོག་མའི་ཁྲི་9ལྷག་ཙམ་ནས་མིག་སྔའི་2038བར་ཉུང་དུ་ཕྱིན་ཡོད། མིག་སྔར་བོད་དུ་ལུས་པའི་ཡུལ་སྐོར་བ་གཙོ་བོ་ལྷ་ས་དང་གཞིས་རྩེ་གྲོང་ཁྱེར་དུ་གཅིག་སྡུད་བྱས་ཡོད་ལ་ཡུལ་སྐོར་བ་ཁག་གཅིག་སྔར་བཞིན་ཉེན་ཁ་ཆེ་བའི་ཁུལ་དུ་གནས་ཡོད། 《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི(པར་གཞི་དགུ་པ)》ཡི་གཏན་འབེབས་དང་རང་སྐྱོང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། ཚང་མའི་བདེ་ཐང་ལ་དམིགས་ཏེ་ཚང་མས་རང་སྐྱོང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་མུ་མཐུད་གཞོགས་འདེགས་བྱེད་དགོས་ཀྱི་ཡོད། གཞན་ཡང་ཉེན་ཁ་ཆེ་འབྲིང་གི་ས་ཁོངས་སུ་ལུས་པའི་ཡུལ་སྐོར་བར་དམིགས་ཏེ་ཡུལ་སྐོར་སྡེ་ཚན་གྱིས་ཞབས་ཞུ་འགན་ལེན་མུ་མཐུད་ཡག་པོ་བྱས་ནས་ཡུལ་སྐོར་བའི་ཆ་འཕྲིན་བསྡོམས་རྩིས་རྒྱག་པ་དང་ལྷག་པར་དུ་ཡུལ་སྐོར་བའི་ཁྲོད་ཀྱི་རྒན་རྒོན་དང་། བྱིས་པ། སྦྲུམ་མ་བཅས་དང་དེ་བཞིན་དམིགས་བསལ་གྱི་དགོས་མཁོའི་དབང་གིས་བོད་ནས་བྲལ་དགོས་པའི་མི་སྣར་བོད་ནས་ཁ་བྲལ་རྒྱུའི་ཆ་རྐྱེན་འཛོམས་པའི་རྨང་གཞིའི་ཐོག་སྔོན་ལ་བོད་ནས་ཁ་བྲལ་རྒྱུའི་བཀོད་སྒྲིག་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།