རིམས་ནད་ལ་འགོག་རྒོལ་བྱེད། —— བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད།
抗击疫情 —— 法律与道德同行
དོན་བསྟུན་ཁྲིམས་གླེང་།
以事说法
11.ཞིབ་དཔྱད་ཚད་ལེན་སྒྲིག་གཞིས་ཞིབ་བཤེར་བརྟག་དཔྱད་བྱས་པའི་འབྲས་བུའི་སྙན་སེང་བཏོན་མེད་པའམ་ཞིབ་བཤེར་བརྟག་དཔྱད་བྱས་པའི་འབྲས་བུའི་སྙན་སེང་རྫུན་མ་བཏོན་པ་དང་། ཡང་ན་ཞིབ་བཤེར་བརྟག་དཔྱད་བྱས་པའི་འབྲས་བུའི་སྙན་སེང་འཚོང་བའམ་ཡང་ན་ཉོས་ནས། ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་ནས་ཉེན་ཁ་ཆེན་པོ་བཟོས་རིགས། བཅའ་ཁྲིམས་གང་དག་ལས་འགལ་བ་དང་མཇུག་འབྲས་གང་ཞིག་འཁུར་དགོས་སམ།
ལན། བྱེད་སྤྱོད་འདི་རིགས་ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་བཅུ་པ་ལས་འགལ་བའི་དོགས་གཞི་ཡོད་པས། འགོ་ནད་འགོག་བཅོས་ལ་གནོད་འཚེ་བཟོ་བའི་ཉེས་པ་བསགས་པ་རེད།
11.检测机构未经检验检测出具检验检测结果报告或出具虚假检验检测结果报告,或者制售或购买虚假检验检测结果报告,引起新型冠状病毒传播或者有传播严重危险的,涉嫌违反哪些法律,需要承担哪些后果?
答:此种行为可能涉嫌违反《刑法》第三百三十条,构成妨害传染病防治罪。
12.རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཏན་འབེབས་ལས་འགལ་ནས། ཁ་རས་དང་འགོག་སྲུང་གྱོན་ཆས་སོགས་སྨན་བཅོས་འགོག་སྲུང་ཡོ་བྱད་གང་བྱུང་དུ་དབྱུག་པ་དང་། འགོ་ནད་འགོག་བཅོས་བཅའ་ཁྲིམས་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཏན་འབེབས་ལས་འགལ་ནས། ཏོག་དབྱིབས་ནད་དུག་གསར་པའི་ནད་ཀྱི་གཞི་རྐྱེན་ཡོད་པའི་སྨན་བཅོས་འགོག་སྲུང་སྤྱོད་ཆས་དང་། ཡོ་བྱད། སྨན་བཅོས་འཚོ་བའི་གད་སྙིགས། དེ་བཞིན་དུག་ཡོད་པའི་གནོད་ལྡན་དངོས་པོ་གང་བྱུང་ཐག་གཅོད་བྱས་ནས་ཁོར་ཡུག་ལ་སྦགས་བཙོག་བཟོས་རིགས། བཅའ་ཁྲིམས་གང་དག་ལས་འགལ་བ་དང་མཇུག་འབྲས་གང་ཞིག་འཁུར་དགོས་སམ།
ལན། བྱེད་སྤྱོད་འདི་རིགས་ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་བཅུ་སོ་བརྒྱད་པ་ལས་འགལ་བའི་དོགས་གཞི་ཡོད་པས། ཁོར་ཡུག་སྦགས་བཙོག་བཏང་བའི་ཉེས་པ་བསགས་པ་རེད། རྐང་བཙུགས་ནས་ཏོག་གསར་གློ་ཚད་ཀྱི་ནད་ཀྱི་འབྱུང་རྐྱེན་གང་བྱུང་དུ་བཞག་སྟེ། སྤྱི་པའི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་ནས། མི་ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་དང་། འཆི་བའང་ཡང་ན་སྒེར་དང་གཞུང་གི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་དོན་ཚན་བརྒྱ་དང་བཅོ་ལྔ་པ་ལས་འགལ་བའི་དོགས་གཞི་ཡོད་པས། ཉེན་ཁའི་བྱེད་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ཉེས་པ་བསགས་པ་རེད།
12.违反疫情防控规定,乱扔口罩、防护服等医疗防护用品等,违反传染病防治法等疫情防控规定,随意处置含新型冠状病毒病原体的医疗防护用品、器材、医疗生活废物以及其他有毒有害物质,严重污染环境的,涉嫌违反哪些法律,需要承担哪些后果?
答: 此种行为可能涉嫌违反《刑法》第三百三十八条,构成污染环境罪。故意投放新冠肺炎病原体,严重危害公共安全,致人重伤、死亡或者使公私财产遭受重大损失的,可能涉嫌违反《刑法》第一百一十四条、第一百一十五条,构成以危险方法危害公共安全罪。
ཁྲིམས་ལུགས་རྒྱུན་ཤེས།
法律常识
8.ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཐོན་པ་དང་མཆེད་ཡུལ་དུ། ས་གནས་དང་སྲིད་གཞུང་གིས་ཛ་དྲག་གི་བྱེད་ཐབས་གང་དག་སྤྱད་ཆོག་གམ།
ལན། 《འགོ་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གཉིས་པར། “འགོ་ནད་ཐོན་པ་དང་མཆེད་སྐབས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་འཕྲལ་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་གྱི་སྔོན་ཇུས་ལྟར་འགོག་བཅོས་བྱས་ནས། འགོ་ནད་མཆེད་ལམ་འགོག་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་རིམ་པ་གོང་མའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་གཏན་འཁེལ་བྱུང་རྗེས། གཤམ་གསལ་གྱི་ཛ་དྲག་བྱེད་ཐབས་སྤྱད་ཆོག་པ་མ་ཟད། སྤྱི་བསྒྲགས་ཀྱང་སྤེལ་དགོས་པ་སྟེ།
(གཅིག) ཚོང་འདུས་དང་། གློག་བརྙན་ཁང་དུ་གློག་བརྙན་སྟོན་པའམ་ཡང་ན་མི་ཚོགས་འདུ་འཛོམས་ཆེ་བའི་བྱེད་སྒོ་གཞན་དག་ལ་ཚོད་འཛིན་བྱེད་པའམ་ཡང་ན་མཚམས་འཇོག་དགོས་པ་དང་།
(གཉིས) ལས་མཚམས་དང་། ཚོང་གཉེར་བྱེད་མཚམས། སློབ་མཚམས་བཅས་འཇོག་དགོས་པ།
(གསུམ) འགོ་ནད་ཀྱི་ནད་ཁུངས་ཀྱིས་སྦགས་བཙོག་ཤོར་བའི་སྤྱི་པའི་འཐུང་ཆུའི་ཆུ་ཁུངས་དང་ཟས་རིགས། དེ་བཞིན་འབྲེལ་ཡོད་དངོས་ཟོག་བཅས་ལ་བཀག་སྡོམ་མམ་ཡང་ན་བཀག་སྡོམ་ཉར་ཚགས་བྱེད་དགོས་པ།
(བཞི) རིམས་ནད་འགོས་པའི་རི་སྐྱེས་སྲོག་ཆགས་དང་། སྒོ་ཕྱུགས་སམ་ཁྱིམ་བྱར་ཚོད་འཛིན་བྱེད་པའམ་ཡང་ན་གསོད་དགོས་པ།
(ལྔ) འགོ་ནད་ཧ་ལམ་མཆེད་བཟོ་ཡོད་པའི་དོ་རར་བཀག་སྡོམ་བྱེད་དགོས།
རིམ་པ་གོང་མའི་མི་དམངས་སྲིད་གཞུང་ལ་གོང་གསལ་གྱི་དོན་ཚན་དུ་འཁོད་པའི་ཛ་དྲག་གི་བྱེད་ཐབས་སྤྱོད་དགོས་པའི་་སྐོར་གྱི་རིམ་པ་འོག་མའི་མི་དམངས་སྲིད་གཞུང་གི་སྙན་སེང་འབྱོར་སྐབས། འཕྲལ་མར་ཐག་གཅོད་བྱེད་དགོས།
ཛ་དྲག་གི་བྱེད་ཐབས་སྤྱོད་མཚམས་འཇོག་སྐབས། དེ་སྔའི་གཏན་འབེབས་བྱེད་མཁན་ལས་ཁུངས་ཀྱིས་གཏན་འབེབས་བྱེད་དགོས་པ་མ་ཟད། ཁྱབ་བསྒྲགས་ཀྱང་བྱེད་དགོས”པའི་གཏན་འབེབས་བྱས་ཡོད།
《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པར། “རང་བྱུང་གི་གནོད་འཚེ་དང་། ལས་འཛོལ་གྱི་གནོད་འཚེ། སྤྱི་པའི་འཕྲོད་བསྟེན་གྱི་དོན་སྐྱེན་བཅས་ཐོན་རྗེས། གཅིག་གྱུར་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་མཁན་མི་དམངས་སྲིད་གཞུང་གིས་གཤམ་གསལ་གྱི་འཕྲལ་སྡོམ་ཐག་གཅོད་བྱེད་ཐབས་གཅིག་གམ་ཡང་ན་དུ་མ་སྤྱད་ཆོག་པ་སྟེ།
(གཅིག) གནོད་འཚེ་ཕོག་མཁན་སྐྱོབ་པ་དང་སྨན་བཅོས་བྱེད་མཁན་སྒྲིག་འཛུགས་བྱེད་དགོས་པ་དང་། ཉེན་ཁ་ཕྲད་པའི་མི་ཁ་འགྲེམས་པ་དང་ཕྱིར་འཐེན་བྱེད་དགོས་པ་མ་ཟད། བཀོད་སྒྲིག་འོས་འཚམ་བྱེད་དགོས་པ་དང་། རོགས་སྐྱོབ་བྱེད་ཐབས་གཞན་དག་ཀྱང་སྤྱོད་དགོས་པ་དང་།
(གཉིས) ཉེན་ཁའི་འབྱུང་ཁུངས་ལ་མགྱོགས་མྱུར་ཚོད་འཛིན་བྱས་ནས། ཉེན་ཁའི་ས་ཁོངས་ལ་མཚོན་རྟགས་འཇོག་པ་དང་། ཉེན་ཁ་ཡོད་པའི་དོ་རར་བཀག་སྡོམ་བྱེད་པ། དོགས་ཟོན་བྱ་ཁུལ་དབྱེ་བ། འགྲིམ་འགྲུལ་ལ་དོ་དམ་ཚོད་འཛིན་བྱེད་པ། དེ་བཞིན་ཚོད་འཛིན་བྱེད་ཐབས་གཞན་དག་བཅས་ལག་ལེན་བསྟར་དགོས་པ།
(གསུམ) གཏོར་སྐྱོན་ཕོག་པའིའགྲིམ་འགྲུལ་དང་། འཕྲིན་གཏོང་། ཆུ་མཁོ་འདོན། ཆུ་འགྲོ། གློག་གཏོང་། སོལ་རླངས་མཁོ་འདོན། དྲོད་མཁོ་འདོན་སོགས་སྤྱི་པའི་སྒྲིག་ཆས་ལ་འཕྲལ་མར་ཉམས་བཟོ་བྱེད་དགོས་པ་དང་། གནོད་འཚེ་ཕོག་མཁན་ལ་ཉེན་གཡོལ་དོ་ར་དང་དགོས་ངེས་ཀྱི་འཚོ་བའི་དངོས་ཟོག་མཁོ་འདོན་བྱེད་དགོས། སྨན་བཅོས་སྐྱོབ་བཅོས་དང་འཕྲོད་བསྟེན་རིམས་འགོག དེ་བཞིན་འགན་ལེན་བྱེད་ཐབས་གཞན་དག་ལག་ལེན་བསྟར་དགོས།
(བཞི) འབྲེལ་ཡོད་སྒྲིག་ཆས་དང་སྒྲིག་བཀོད་གཏན་འགོག་གམ་ཡང་ན་ཚོད་འཛིན་བྱེད་དགོས། འབྲེལ་ཡོད་དོ་རར་སྒོ་རྒྱག་པའམ་ཡང་ན་ཚོད་འཛིན་བྱེད་དགོས། མི་འདུ་འཛོམས་ཆེ་བའི་བྱེད་སྒོའམ་ཡང་ན་ཉེན་ཁ་ཆེ་རུ་འགྲོ་སྲིད་པའི་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་སྤེལ་མཚམས་འཇོག་དགོས་པ་དང་། དེ་བཞིན་སྲུང་སྐྱོང་བྱེད་ཐབས་གཞན་དག་སྤྱོད་དགོས་པ།
(ལྔ) རིམ་པ་འདི་གའི་མི་དམངས་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་ནོར་སྲིད་ཀྱི་སྔོན་རྩིས་གྲོན་དངུལ་དང་གྲབས་གསོག་བྱས་པའི་འཕྲལ་སྡོམ་རོགས་སྐྱོབ་དངོས་ཟོག་སྤྱོད་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་དགོས་མཁོ་ཆེ་བའི་དངོས་ཟོག་དང་། སྒྲིག་བཀོད། སྒྲིག་ཆས། ཡོ་ཆས་སོགས་སྤྱོད་དགོས་པ།
(དྲུག) སྤྱི་དམངས་སྒྲིག་འཛུགས་བྱས་ཏེ་འཕྲལ་སྡོམ་རོགས་སྐྱོབ་དང་ཐག་གཅོད་བྱེད་པའི་ལས་དོན་ལ་ཞུགས་དགོས་པ་དང་། དམིགས་བསལ་ཁྱད་ཆོས་ལྡན་པའི་མིས་ཞབས་འདེགས་ཞུ་དགོས་པའི་རེ་བ་འདོན་དགོས་པ།
(བདུན) ཟས་རིགས་དང་། འཐུང་ཆུ། འབུད་རྫས་སོགས་གཞི་རྩའི་འཚོ་བའི་མཁོ་ཆས་ཀྱི་མཁོ་འཕྲོད་འགན་ལེན་བྱེད་དགོས།
(བརྒྱད) དངོས་ཟོག་འབེལ་ཉོ་དཀོན་འཚོང་དང་། ཟོག་གོང་སྤོར་བ། དངོས་ཟོག་རྫུན་མ་བཟོ་བ་དང་འཚོང་བ་སོགས་ཁྲོམ་རའི་སྒྲིག་ལམ་དཀྲུག་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་ནས། ཁྲོམ་རའི་རིན་གོང་བརྟན་པོ་དང་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པ།
(དགུ) རྒྱུ་དངོས་ལ་ཧམ་ཐོབ་རྒྱག་པ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་ལ་འགོག་རྐྱེན་བཟོ་བ་སོགས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པའི་བྱེད་སྤྱོད་ལ་ཆད་པ་ནན་པོ་བཅད་ནས། སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པ།
(བཅུ) ཞོར་ཐོན་དང་གཅིག་ཤུལ་གཉིས་སྐྱེས་ཀྱི་དོན་རྐྱེན་མ་ཐོན་སྔོན་འགོག་བྱེད་པའི་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས”པའི་གཏན་འབེབས་བྱས་ཡོད།
8.在新型冠状病毒感染肺炎暴发、流行地区,地方政府可以采取哪些紧急措施?
答: 《传染病防治法》第四十二条规定:“传染病暴发、流行时,县级以上地方人民政府应当立即组织力量,按照预防、控制预案进行防治,切断传染病的传播途径,必要时,报经上一级人民政府决定,可以采取下列紧急措施并予以公告:
(一)限制或者停止集市、影剧院演出或者其他人群聚集的活动;
(二)停工、停业、停课;
(三)封闭或者封存被传染病病原体污染的公共饮用水源、食品以及相关物品;
(四)控制或者扑杀染疫野生动物、家畜家禽;
(五)封闭可能造成传染病扩散的场所。
上级人民政府接到下级人民政府关于采取前款所列紧急措施的报告时,应当即时作出决定。
紧急措施的解除,由原决定机关决定并宣布。”
《突发事件应对法》第四十九条规定:“自然灾害、事故灾难或者公共卫生事件发生后,履行统一领导职责的人民政府可以采取下列一项或者多项应急处置措施:
(一)组织营救和救治受害人员,疏散、撤离并妥善安置受到威胁的人员以及采取其他救助措施;
(二)迅速控制危险源,标明危险区域,封锁危险场所,划定警戒区,实行交通管制以及其他控制措施;
(三)立即抢修被损坏的交通、通信、供水、排水、供电、供气、供热等公共设施,向受到危害的人员提供避难场所和生活必需品,实施医疗救护和卫生防疫以及其他保障措施;
(四)禁止或者限制使用有关设备、设施,关闭或者限制使用有关场所,中止人员密集的活动或者可能导致危害扩大的生产经营活动以及采取其他保护措施;
(五)启用本级人民政府设置的财政预备费和储备的应急救援物资,必要时调用其他急需物资、设备、设施、工具;
(六)组织公民参加应急救援和处置工作,要求具有特定专长的人员提供服务;
(七)保障食品、饮用水、燃料等基本生活必需品的供应;
(八)依法从严惩处囤积居奇、哄抬物价、制假售假等扰乱市场秩序的行为,稳定市场价格,维护市场秩序;
(九)依法从严惩处哄抢财物、干扰破坏应急处置工作等扰乱社会秩序的行为,维护社会治安;
(十)采取防止发生次生、衍生事件的必要措施。”