དབུ་ཤོག>ཆེད་སྒྲིག
  • ལྷོ་ཁ། ལྷོ་ཁ། ལྷོ་ཁ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-17

    ཟླ་8ཚེས་23ཉིན་ནས་བཟུང་། སྤྱི་ཚོགས་ངོས་སུ་རིམས་ནད་གཙང་སེལ་ཐུབ་རྗེས། ཟླ་9ཚེས་3ཉིན་རྫོང་ཁག་གཅིག་ལ་ཕྱི་ནས་སླེབས་པའི་ནད་པ་ཐོན་པ་ཕུད། ལྷོ་ཁ་གྲོང་ཁྱེར་དུ་ཉིན་ཉི་ཤུ་ཡན་བསྟུད་མར་གྲོང་ཁོངས་སུ་ཡུལ་དེ་རང་གི་གཏན་འཁེལ་ནད་པ་དོན་མེད་པ་དང་། ཉེ་དུས་ལོགས་དགར་འཇོག་ཡུལ་དུ་ཕྱི་ནས་སླེབས་པའི་ནད་པའི་གྲངས་འབོར་གཅིག་གྲངས་བར་ཆག་པ་དང་། གཏན་འཁེལ་ནད་པ་ཚང་མ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ། གྲོང་ཁྱེར་ཡོངས་ལ་སྐབས་བསྟུན་གཙང་བཟོའི་དམིགས་ཚད་མངོན་འགྱུར་བྱུང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤུས་ཚད་ལེགས་པའི་སྤྱི་ཚོགས་ངོས་ཀྱི་རིམས་ནད་གཙང་སེལ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་སུ་སླེབས་ཡོད། 

    1.jpg

      གྲོང་མི་གཉིས་དངོས་ཟོག་ཉོས་རྗེས་ཁྲོམ་ནས་འགྲོ་བཞིན་པ། 

    2.jpg

      ཤིང་འབྲས་ཚོང་ཁང་གི་ཚོང་དུད་ཀྱིས་འཁོར་གསུམ་རྐང་འཁོར་དུ་ཤིང་འབྲས་དབོར་བཞིན་པ། 

    རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཕན་འབྲས་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ་དང་བསྟུན་ནས། ཟླ་9ཚེས་13ཉིན་གྱི་ཆུ་ཚོད་0ནས་བཟུང་། ལྷོ་ཁ་གྲོང་ཁྱེར་དུ་རིམ་བཞིན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་བཞིན་ཡོད། 

    3.jpg

      ཚལ་ཁྲོམ་གྱི་ཚོང་པས་གྲོང་མིར་དངོས་ཟོག་གྲ་སྒྲིག་བྱེད་བཞིན་པ། 

    ཟླ་9ཚེས་14ཉིན་གསར་འགོད་པ་ཁྲོམ་གཞུང་དུ་སྐྱོད་སྐབས། སྒོ་རྩིས་ཚོང་ཁང་དང་། སྨན་རྫས་ཚོང་ཁང་། ཤིང་འབྲས་ཚོང་ཁང་སོགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཚོང་ཁང་ཁག་གཅིག་འགྲོ་འོང་ཤོག་བྱང་ཡོད་པའི་མང་ཚོགས་ལ་སྒོ་ཕྱེ་ཡོད་པ་མཐོང་བྱུང་། 

    4.jpg

    གྲོང་མི་ཞིག་གིས་དངོས་ཟོག་ཉོས་རྗེས། སྡེ་ཁུལ་གྱི་རིམས་འགོག་ལས་དོན་པས་འགྲོ་འོང་གི་དུས་ཚོད་སོགས་ཆ་འཕྲིན་ལ་ཡང་བསྐྱར་ཞིབ་བཤེར་ཐོ་འགོད་བྱེད་བཞིན་པ།

    5.jpg

      ཚལ་ཁྲོམ་གྱི་ཚོང་དུད་ཀྱིས་རྩིས་ཐོ་བཟོ་བཞིན་པ། 

    ནུབ་ཁུལ་ཚལ་ཁྲོམ་ཉེ་འཁོར་གྱི་ཤིང་འབྲས་འཚོང་ཁུལ་དུ། ཚོང་པ་མང་ཆེ་བས་ཚོང་གཉེར་བྱེད་བཞིན་ཡོད་ཅིང་། ཤིང་འབྲས་དང་། སྔོ་ཚལ། ཤ  སྒོ་ང་། འོ་མ། སྨན་སྣ་སོགས་གང་དགོས་ཅི་འཛོམས་ཡོད། མང་ཚོགས་ཁག་གཅིག་གོ་རིམ་ལྡན་པའི་ངང་ཅ་དངོས་ཉོ་བར་འགྲོ་བཞིན་ཡོད། 

    6.jpg

      གྲོང་མིས་ཤིང་འབྲས་ཚོང་ཁང་ནས་ཤིང་འབྲས་ཉོ་བཞིན་པ། 

    7.jpg

    ཤ་འཚོང་མཁན་ཚོང་དུད་ལས་བྲེལ་ཆེ། 

    8.jpg

      གྲོང་མིའི་ཉོ་སྒྲུབ་འགྲོ་འོང་ཤོག་བྱང་། 

    མིག་སྔའི་རིམས་འགོག་སྲིད་ཇུས་ཀྱི་བླང་བྱ་ལྟར། གྲོང་མི་མང་ཚོགས་གནས་སྐབས་རིང་སྒོ་རྩིས་ཚོང་ཁང་དུ་འཛུལ་ནས་དངོས་ཟོག་ཉོ་བར་བསྐྱོད་ཆོག་གི་མེད་པ་དང་། སྒོ་རྩིས་ཚོང་ཁང་གི་སྒོ་འགྲམ་དུ་ལངས་ནས་ཉོ་སྒྲུབ་གསལ་ཐོ་སྒོ་རྩིས་ཚོང་ཁང་གི་ལས་དོན་མི་སྣར་སྤྲད་ཚེ། ཁོ་ཚོས་ཅ་དངོས་བླངས་ནས་སྒོ་འགྲམ་དུ་སྤྲོད་ཀྱི་ཡོད། 

    9.jpg

      གྲོང་མི་ཞིག་གིས་བཤེར་རྟགས་བཤེར་ནས་ཚལ་ཁྲོམ་དུ་སྐྱོད་བཞིན་པ།

    10.jpg

      གྲོང་མིས་སྨན་རྫས་ཚོང་ཁང་ནས་སྨན་ཉོ་བཞིན་པ། 

    11.jpg

      སྣེ་གདོང་ཆུས་ཀརྨ་ཆེན་སྡེ་ཁུལ་གྱི་རིམས་འགོག་ལས་དོན་པས་འགྲོ་འོང་ཤོག་བྱང་ལ་ཞིབ་བཤེར་བྱས་རྗེས། ཉོ་སྒྲུབ་བྱེད་པར་སྐྱོད་མཁན་གྲོང་མི་ཕྱིར་གཏོང་བཞིན་པ།

    12.jpg

      བཟོ་པས་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་རབ་རང་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་ཨར་པོ་རྒྱག་ཡུལ་དུ་ལས་ཀ་བྱེད་བཞིན་པ། 

    སྣེ་གདོང་ཆུས་ཁོ་ན་མིན་པར། ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་ཤང་མང་པོ་ཞིག་གི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཚང་མ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་བཞིན་ཡོད། 

    13.png

    མཚོ་སྣ་རྫོང་གི་སྐྲ་ཁང་ཞིག་ལས་གཉེར་བྱེད་འགོ་ཚུགས་པ། 

    14.jpg

      སྣ་དཀར་རྩེ་རྫོང་གི་དང་བླངས་པས་མང་ཚོགས་ལ་སྟོན་ཏོག་བསྡུ་རོགས་བྱེད་བཞིན་པ། 

    15.jpg

      སྣེ་གདོང་ཆུས་ཡར་སྟོད་ཤང་ཡར་རྒྱས་གྲོང་ཚོའི་མང་ཚོགས་ཀྱིས་སྟོན་ཏོག་བསྡུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།