དབུ་ཤོག>ཆེད་སྒྲིག
  • ལོགས་དགར་འཇོག་རིང་ལས་ཀའི་ཚན་པས་ལས་ཀའི་ཐོབ་ཆ་མི་སྤྲོད་པ་བྱ་མི་ཆོག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-16

    རིམས་ནད་ལ་འགོག་རྒོལ་བྱེད། —— བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད།

    抗击疫情 —— 法律与道德同行

    1.png

    དོན་བསྟུན་ཁྲིམས་གླེང་།

    以事说法

    2.png

    9.ནད་བབས་གསང་བ་དང་། གང་དུ་བསྐྱོད་པའི་ཆ་འཕྲིན(ལྷག་པར་དུ་གཙོ་གནད་ས་ཁུལ་དུ་ཡུལ་སྐོར་དུ་ཕྱིན་པ)སྙན་སེང་མི་ཞུ་བ་དང་། གཏན་འཁེལ་ནད་པའམ་ཡང་ན་དོགས་ཡོད་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱུང་བའི་གནས་ཚུལ་གསང་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་ཞིག་འཁུར་དགོས་སམ།

    ལན། བྱེད་སྤྱོད་འདི་རིགས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་ལས་འགལ་བས། ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་སྒོར་200མན་གཅོད་པ་དང་། གནས་ཚུལ་ཚབས་ཆེ་རིགས་ཉིན་5ཡན་ནས་10མན་བར་བཀག་ཉར་བྱེད་དགོས་པ་དང་ཆབས་ཅིག དངུལ་ཆད་སྒོར་500མན་གཅོད་དགོས། ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་བཅུ་པའི་འབྲེལ་ཡོད་གཏན་འབེབས་ལས་འགལ་ནས། འགོ་ནད་འགོག་བཅོས་ལ་གནོད་འཚེ་བཟོ་བའི་ཉེས་པ་བསགས་པ་དང་། གཏན་འཁེལ་ནད་པ་དང་ནད་ཁུངས་ལྡན་པའི་མིས། ནད་བབས་གསངས་པ་དང་། གང་དུ་བསྐྱོད་པའི་ཆ་འཕྲིན་སྙན་སེང་མ་ཞུས་པ།  སྤྱི་པའི་དོ་རར་བསྐྱོད་པའམ་ཡང་ན་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་ཆས་ལ་བསྡད་པ་བཅས་བྱས་པའི་རྐྱེན་གྱིས་ཏོག་དབྱིབས་ནད་དུག་གསར་པ་མཆེད་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་དོན་ཚན་བརྒྱ་དང་བཅོ་ལྔ་པ་ལས་འགལ་བའི་དོགས་གཞི་ཡོད་པས། ཉེན་ཁའི་བྱེད་སྟངས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ཉེས་པ་བསགས་པ་རེད།

    9.隐瞒病情、瞒报行程信息(尤其是重点地区旅居史)、隐瞒与确诊病例或者疑似病例有密切接触史的,涉嫌违反哪些法律,需要承担哪些后果?

    答:此种行为违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条相关规定,构成妨害传染病防治罪;确诊病人、病原携带者,隐瞒病情、瞒报行程信息,进入公共场所或者乘坐公共交通工具,造成新型冠状病毒传播的,可能涉嫌违反《刑法》第一百一十四条、第一百一十五条,构成以危险方法危害公共安全罪。

    10.ནད་པའམ་ཡང་ན་དོགས་ཡོད་ནད་པས་ལོགས་དགར་སྨན་བཅོས་དང་ལེན་མི་བྱེད་པའམ་ཡང་ན་རང་དགར་དེ་ནས་བྲལ་རིགས་དང་། ལོགས་དགར་སྨན་བཅོས་དང་ལེན་མི་བྱེད་པའམ་ཡང་ན་ལོགས་དགར་སྡོད་པའི་དུས་ཡུན་མ་ཐིམ་གོང་རང་དགར་དེ་ནས་ཁ་བྲལ་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་ཞིག་འཁུར་དགོས་སམ།

    ལན། བྱེད་སྤྱོད་འདི་རིགས《འགོ་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་ནང་གསེས་དང་པོ་ལས་འགལ་བས། སྤྱི་བདེ་ལས་ཁུངས་ཀྱིས་སྨན་བཅོས་སྒྲིག་གཞིར་གཞོགས་འདེགས་བྱས་ཏེ། བཙན་ཤེད་ཀྱིས་ལོགས་དགར་སྨན་བཅོས་བྱེད་ཐབས་སྤྱོད་དགོས།

    10.病人或者疑似病人拒绝或者擅自脱离隔离治疗的,拒绝隔离治疗或者隔离期未满擅自脱离隔离治疗的,涉嫌违反哪些法律,需要承担哪些后果?

    答: 此种行为违反《传染病防治法》第三十九条第一款,可以由公安机关协助医疗机构采取强制隔离治疗措施。

    ཁྲིམས་ལུགས་རྒྱུན་ཤེས།

    法律常识

    3.png

    7.ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་པའི་ནད་པ་ཡོད་པའི་འབྲེལ་ཡོད་དོ་རའི་ནང་གི་མི་ལ་བྱེད་ཐབས་གང་དག་སྤྱད་ཆོག་གམ།

    ལན། 《འགོ་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གཅིག་པར། “འགོ་ནད་ཀྱི་རིམས་ནད་རིགས་ཀ་པ་ཕོག་པའི་ནད་པ་ཡོད་པའི་དོ་རའམ་ཡང་ན་དོ་ར་དེའི་ནང་གི་ཆེད་དམིགས་ས་ཁོངས་ཀྱི་མི་ཡིན་རིགས། གནས་ཡུལ་ས་ཆ་དེ་གའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ལོགས་དགར་འཇོག་ཐབས་སྤྱད་ཆོག་པ་མ་ཟད། རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པ་དང་། སྙན་སེང་འབྱོར་བའི་གོང་རིམ་མི་དམངས་སྲིད་གཞུང་གིས་དུས་ཐོག་ཏུ་ཆོག་མཆན་འགོད་དང་མི་འགོད་གཏན་འཁེལ་བྱེད་དགོས། གོང་རིམ་མི་དམངས་སྲིད་གཞུང་གིས་ཆོག་མཆན་མ་བཀོད་ཚེ། ལོགས་དགར་འཇོག་ཐབས་སྤྱོད་མཁན་མི་དམངས་སྲིད་གཞུང་གིས་འཕྲལ་མར་ལོགས་དགར་འཇོག་ཐབས་སྤྱོད་མཚམས་འཇོག་དགོས།

    ལོགས་དགར་འཇོག་རིང་། ལོགས་དགར་འཇོག་ཐབས་སྤྱོད་མཁན་མི་དམངས་སྲིད་གཞུང་གིས་ལོགས་དགར་བཞག་པའི་མིའི་འཚོ་བར་འགན་ལེན་བྱེད་དགོས་པ་དང་། ལོགས་དགར་བཞག་པའི་མི་ལ་ལས་ཀ་བྱེད་སའི་ཚན་པ་ཡོད་རིགས། ལས་ཀ་བྱེད་སའི་ཚན་པས་ལོགས་དགར་འཇོག་རིང་གི་ལས་ཀའི་ཐོབ་ཆ་སྤྲོད་མཚམས་འཇོག་མི་ཆོག

    ལོགས་དགར་འཇོག་ཐབས་སྤྱོད་མཚམས་འཇོག་པའི་ཐད། དེ་སྔའི་གཏན་འཁེལ་བྱེད་མཁན་སྒྲིག་གཞིས་གཏན་འཁེལ་བྱེད་དགོས་པ་དང་མ་ཟད། ཁྱབ་བསྒྲགས་ཀྱང་བྱེད་དགོས”པའི་གཏན་འབེབས་བྱས་འདུག

    7.对已经发生新型冠状病毒感染肺炎病例的相关场所里的人员,可以采取哪些措施?

    答: 《传染病防治法》第四十一条规定:“对已经发生甲类传染病病例的场所或者该场所内的特定区域的人员,所在地的县级以上地方人民政府可以实施隔离措施,并同时向上一级人民政府报告;接到报告的上级人民政府应当即时作出是否批准的决定。上级人民政府作出不予批准决定的,实施隔离措施的人民政府应当立即解除隔离措施。

    在隔离期间,实施隔离措施的人民政府应当对被隔离人员提供生活保障;被隔离人员有工作单位的,所在单位不得停止支付其隔离期间的工作报酬。

    隔离措施的解除,由原决定机关决定并宣布。”

    4.jpg

    5.png

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།