དབུ་ཤོག>ཆེད་སྒྲིག
  • གཞིས་རྩེ་གྲོང་ཁྱེར་གྱི་མི་ཐེངས་ཁྲི་92རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-16

    གསར་འགོད་པར་ཚེས་12ཉིན་འཚོགས་པའི་གཞིས་རྩེ་གྲོང་ཁྱེར་ཏོག་དབྱིབས་གསར་པའི་ནད་དུག་གློ་ཚད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སོ་དྲུག་པའི་ཐོག་ནས་ཤེས་རྟོགས་བྱུང་བར། རིམས་ནད་ཐོན་པ་ནས་ཟླ་9ཚེས་11ཉིན་བར། གཞིས་རྩེ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་པ་མི་ཐེངས་920903དང་། གྲོང་ཁྱེར་རིམ་པས་མི་ཐེངས་50859 རྫོང་དང་ཆུས་ཁག་གིས་རིམ་རྩིས་བྱས་ན་མི་ཐེངས་870044བཅས་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ནང་ཞུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་དང་གྲོང་ཁྱེར་དུས་རབས་གསར་པའི་ཤེས་དཔལ་སྲོལ་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་འཕྲལ་མར་སྤྱི་ཚོགས་སྟེང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དང་བླངས་ཞབས་ཞུའི་གྲོས་འདོན་ཡི་གེ་བཀྲམ་ནས། གྲོང་ཁྱེར་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་སློབ་གྲྭ་ཆེ་མོ་སོགས་ཚོགས་སྤྱིའི་ཁྲོད་དང་བླངས་པ་བསྡུས་ཏེ་སྡེ་ཁུལ་གྱི་དང་བླངས་ཞབས་ཞུའི་རུ་ཁག་དང་། “ལེགས་སྐྱེས་འབུལ་བ་གསུམ”གྱི་དང་བླངས་ཞབས་ཞུའི་རུ་ཁག ཇོ་མོ་གླང་མའི་སྨན་བཅོས་དང་བླངས་ཞབས་ཞུའི་རུ་ཁག་སོགས་དང་བླངས་ཞབས་ཞུའི་ཚོགས་པ་12བཙུགས་ནས་ལས་གནས་ཐོག་མ་བསྐྱོད་གོང་གི་གསོ་སྦྱོང་བྱས་པ་དང་རྒྱུན་གཏན་གྱི་ཞབས་ཞུའི་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཡོད། དང་བླངས་པ་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་དང་། ཉིང་སྐྱུར་བརྟག་དཔྱད། ཞིབ་བཤེར་ས་ཚིགས་སུ་ལས་སྒྲུབ། དངོས་ཟོག་དབོར་འདྲེན་སོགས་ཀྱི་ལས་དོན་སྤེལ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཏེ་གང་ལ་དགོས་མཁོ་ཡོད་པ་དང་དཀའ་ངལ་འཕྲད་ཚེ་དེ་གར་དང་བླངས་པ་ཡོད་པ་བྱས་ཡོད།

    གཞན་ཡང་། གཞིས་རྩེ་གྲོང་ཁྱེར་གྱིས་དང་བླངས་པར་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་སྲོག་རྟེན་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སི་གཞིས་རྩེ་ཡན་ལག་ཀུང་སི་དང་མཐུན་སྦྱོར་བྱས་ཏེ་རིམས་འགོག་དང་བླངས་པ་ཁྲི་10ལ་ཚོགས་པའི་འགན་བཅོལ་སྒོར་ཁྲི་500ཞལ་འདེབས་བརྒྱབ་པར་ཧ་ལམ་སྒོར་དུང་ཕྱུར་823གྱི་ཉེན་ཁའི་འགན་ལེན་བྱུང་བ་དང་འབྲེལ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་ཞལ་འདེབས་རྒྱག་རྒྱུ་སྐུལ་སློང་བྱས་པར་འཚོ་བའི་དངོས་ཟོག་སྒམ་935དང་རིམས་འགོག་དངོས་ཟོག་ཆ་ཚང་325གྲ་སྒྲིག་བྱས་ནས་དང་བླངས་པར་འཚམས་འདྲི་བྱེད་པའི་བྱེད་སྒོ་སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།