དབུ་ཤོག>ཆེད་སྒྲིག
  • ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སྨན་བཅོས་འགན་སྲུང་ཅུས་ཀྱིས་དམིགས་བསལ་ནད་གཞི་ཡོད་པའི་ནད་པར་སྨན་ཉོ་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-16

    རིམས་ནད་ཐོན་ཚུན། མལ་གྲོ་གུང་དཀར་རྫོང་སྨན་བཅོས་འགན་སྲུང་ཅུས་ཀྱིས་དུས་ཐོག་ཏུ་སྨན་རྫས་མཁོ་སྤྲོད་འགན་ལེན་ཚོགས་ཆུང་བཙུགས་ནས་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། སྔ་རྗེས་སུ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། གྲོང་ཁྱེར་མི་དམངས་སྨན་ཁང་། ཧྥུའུ་ཁང་སྨན་རྫས་ཚོང་ཁང་བཅས་སུ་བསྐྱོད་དེ་དམིགས་བསལ་ནད་གཞི་ཡོད་པའི་ནད་པ་200ལྷག་ཙམ་ལ་སྨན་ཉོ་རོགས་བྱས་ནས་མང་ཚོགས་ལ་སྨན་བཅོས་འགན་ལེན་ནུས་ལྡན་བྱས་པ་དང་རིམས་ནད་ཐོན་རིང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེའི་སྨན་བཅོས་འགན་སྲུང་ཅུས་ཀྱིས་དུས་ཐོག་ཏུ་སྐད་འཕྲིན་ཚོགས་པ་བཙུགས་ནས་ཉིན་ལྟར་ཤང་དང་གྲོང་རྡལ་ཁག་དང་དགོན་སྡེ་ཁག་གིས་གོང་ཞུ་བྱས་པའི་དམིགས་བསལ་ནད་གཞི་ཡོད་པའི་ནད་པའི་སྨན་ཉོ་བའི་དགོས་མཁོར་གཞིགས་ཏེ། དམིགས་བསལ་མི་ཚོགས་ལ་སྨན་བཅོས་དང་སྨན་ཉོ་བའི་ཞབས་འདེགས་ཡག་པོ་ཞུས་ཡོད་པ་རེད། ཐང་སྐྱ་ཤང་གྲོང་རྙིང་གྲོང་ཚོའི་གྲོང་མི་བློ་ཆེ་གེ་མོར་མཁལ་མའི་ནད་གཞི་ཡོད་པས་སྨན་མ་ཆད་པ་བྱེད་དགོས་ཀྱི་ཡོད། དེས་ན་རྫོང་དེའི་སྨན་བཅོས་འགན་སྲུང་ཅུས་ཀྱི་ལས་དོན་མི་སྣས་གནས་ཚུལ་དེ་ཤེས་འཕྲལ་ལྷ་ས་གྲོང་ཁྱེར་དུ་བསྐྱོད་ནས་ཁོང་ལ་མཁོ་བའི་སྨན་དག་ཉོས་རྗེས་དུས་ཐོག་ཏུ་བསྐྱལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།