དབུ་ཤོག>ཆེད་སྒྲིག
  • ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་གཞི་རིམ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་ཚགས་དམ་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-16

    རིམས་ནད་ཐོན་པ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་འཕྲལ་དུ་ཏང་ཡོན་ལས་བྱེད་པ་དང་། དང་བླངས་པ། དྲ་མིག་པ་སོགས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ནང་ནུས་ཤུགས་ཡོད་རྒུས་ཞུགས་ཏེ་ཐུན་མོང་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་ཡོད་པ་རེད། ཟླ་9ཚེས་11ཉིན་གྱི་དགོང་མོ་བར། གསེར་རྙེད་ཆུས་ཀྱི་ཤང་དང་གྲོང་རྡལ་12ཁྲོད་རིམས་ནད་མེད་པའི་ཤང་དང་གྲོང་རྡལ་9ཡོད་པ་དང་། གྲོང་ལྷན་སྡེ་ཁུལ་146ནང་རིམས་ནད་མེད་པའི་གྲོང་ལྷན་སྡེ་ཁུལ་122ཡོད་པ། དགོན་སྡེ་13དང་ཡུག་ཁུལ(རི་ཁྲོད་ལྷ་ཁང་21)4ལ་རིམས་ནད་མེད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གསེར་རྙེད་ཆུས་ཀྱི་ཤང་དང་གྲོང་རྡལ་ཁག་གི་རིམ་བཞིའི་དྲ་མིག་དཔོན་དང་དྲ་མིག་པས་རོགས་སྐྱོར་བྱེད་པར་ཡོང་མཁན་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི་ལས་བྱེད་ཉེན་རྟོག་པ་དང་། མེ་ཟོན། གྲོང་ཁྱེར་ལྟ་འདོམས། གྲོང་ཁྱེར་དོ་དམ་སོགས་ཀྱི་ལས་དོན་མི་སྣར་གཞོགས་འདེགས་དམ་ཟབ་བྱས་ཏེ་མདུན་ཕྱོགས་སུ་གདོང་མཆོང་དང་འཐབ་ས་དང་པོར་བརྟན་སྲུང་བྱས་ནས། ཕྱི་ནས་ཡོང་བའི་མི་སྣའི་གྲལ་བཤེར་བ་དང་། ཆ་འཕྲིན་བསྡུ་ལེན་པ། སྒྲིག་ལམ་སྲུང་སྐྱོང་པ། དངོས་ཟོག་སྡེབ་སྐྱེལ་པ། ནད་པ་སྲུང་སྐྱེལ་པ། རྒྱབ་ཕྱོགས་འགན་ལེན་པ་བཅས་ཡག་པོ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་སེམས་ནུས་ཡོད་རྒུ་བཏོན་ཡོད།

    “ང་ཚོ་ཕན་ཚུན་རྒྱུས་མངའ་མེད་ཀྱང་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ་མང་ཚོགས་ཀྱི་རང་ངོས་འགོག་སྲུང་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང‘རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ’ཚགས་དམ་དུ་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་གྱི་ཡོད” ཅེས་གནམ་ཕྱུག་གྲོང་ཚོ་ཨུ་ལྷན་དུ་ལས་འགན་སྒྲུབ་བཞིན་པའི་གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ལི་ཀེན་ཡུན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།