དབུ་ཤོག>ཆེད་སྒྲིག
  • ནར་ནར་མཐེ་བོང་ཚོད་མ་ཟིན་ན། ཆག་སྒོ་མཛུབ་མོའི་རྩེ་ནས་ཡོང་ཉེན་ཡོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-15

    རིམས་ནད་ལ་འགོག་རྒོལ་བྱེད། —— བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད།

    抗击疫情 —— 法律与道德同行

    11.png

    དོན་བསྟུན་ཁྲིམས་གླེང་།

    以事说法

    22.png

    7.ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་བརྟེན་ནས། དཀྲོག་གཏམ་བཟོ་བའམ་སྤེལ་བ་དང་། རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱེད་པ། རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བའམ། ཡང་ན་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་བར་ངན་སྐུལ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་སློག་གཏོང་བར་ངན་སྐུལ་བྱས་ཚེ། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་དག་འཁུར་དགོས་སམ།

    ལན། བྱེད་སྤྱོད་འདི་རིགས་ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་མེད་གསུམ་པའི་ནང་གསེས་གཉིས་པ་དང་། དོན་ཚན་བརྒྱ་དང་བཅུ་མེད་ལྔ་པའི་ནང་གསེས་གཉིས་པ་ལས་འགལ་བའི་དོགས་གཞི་ཡོད་པས། རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་པའམ་ཡང་ན་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་བར་ངན་སྐུལ་བྱས་པའི་ཉེས་པར་བརྟེན་ནས་ཆད་པ་གཅོད་དགོས།

    7.利用新型冠状病毒感染肺炎疫情制造、传播谣言,煽动分裂国家、破坏国家统一,或者煽动颠覆国家政权、推翻社会主义制度的,涉嫌违反哪些法律,需要承担哪些后果?

    答:此种行为可能涉嫌违反《刑法》第一百零三条第二款、第一百零五条第二款,以煽动分裂国家罪或者煽动颠覆国家政权罪定罪处罚。

    8.རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། རིམས་ནད་སྐོར་གྱི་ཆ་འཕྲིན་རྫུན་མ་བཟོས་ནས་དྲ་རྒྱ་སོགས་སྤྱི་པའི་འདུ་རར་སྤེལ་རིགས་སམ། ཡང་ན་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་ད་དུང་སྤེལ་རོགས་དང་སྐུར་རོགས་བྱས་ཚེ། ཁྲིམས་སྲོལ་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་དག་འཁུར་དགོས་སམ།

    ལན། བྱེད་སྤྱོད་འདི་རིགས《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་རེ་ལྔ་པ་ལས་འགལ་བས། དག་བཅོས་བྱེད་དུ་འཇུག་པ་མ་ཟད་ཐ་ཚིག་སྒྲོག་དགོས་པ་དང་། མཇུག་འབྲས་ཚབས་ཆེན་བཟོས་རིགས། ཁྲིམས་ལྟར་ལས་སྒོ་གནས་སྐབས་མཚམས་འཇོག་པའམ་ཡང་ན་ལས་གཉེར་ཆོག་འཐུས་ལག་ཁྱེར་མེད་པར་བཟོ་དགོས། 《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས་》ཀྱི་དོན་ཚན་ཉེར་ལྔ་པ་ལས་འགལ་བས། ཉིན་5ཡན་ནས་10མན་བར་བཀག་ཉར་བྱེད་དགོས་པ་དང་ཆབས་ཅིག་སྒོར་500མན་གྱི་དངུལ་ཆད་གཅད་ཆོག ཉེས་ཚབས་ཅུང་ཆུང་རིགས་ལ་ཉིན་5མན་གྱི་བཀག་ཉར་རམ་ཡང་ན་སྒོར་500མན་གྱི་དངུལ་ཆད་གཅོད་དགོས་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གནོད་འཚེ་ཚབས་ཆེན་བཟོས་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་གོ་གཅིག་པ་ལས་འགལ་བའི་དོགས་གཞི་ཡོད་པས། ཆ་འཕྲིན་རྫུན་མ་བཟོས་པ་དང་རྐང་བཙུགས་ནས་ཆ་འཕྲིན་རྫུན་མ་སྤེལ་བའི་ཉེས་པ་བསགས་པ་རེད།

    8.疫情防控期间,编造虚假疫情信息,在网络等公众场合散布的,或者明知是虚假信息还帮助散布和传播的,涉嫌违反哪些法律,需要承担哪些后果?

    答: 此种行为违反《突发事件应对法》第六十五条,将处以责令改正,给予警告;造成严重后果的,将依法暂停业务活动或者吊销执业许可证。违反《治安管理处罚法》第二十五条,将处以5日以上10日以下拘留,可并处500元以下罚款;情节较轻的,将处以5日以下拘留或者500元以下罚款。严重扰乱社会秩序的,可能涉嫌违反《刑法》第二百九十一条,构成编造、故意传播虚假信息罪。

    ཁྲིམས་ལུགས་རྒྱུན་ཤེས།

    法律常识

    33.png

    6.ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་པའི་ནད་པ་ཡོད་པ་ཤེས་ཚེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་གཞིས་བྱེད་ཐབས་གང་དག་སྤྱོད་དགོས་སམ།

    ལན། 《འགོ་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བཞི་བཅུ་པར། “རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་གཞིས་འགོ་ནད་ཀྱི་རིམས་ནད་ཡོད་པ་ཤེས་པའམ་ཡང་ན་འགོ་ནད་རིམས་ནད་ཀྱི་སྙན་སེང་འབྱོར་ཚེ། གཤམ་གསལ་གྱི་བྱེད་ཐབས་དུས་ཐོག་ཏུ་སྤྱོད་དགོས་པ་སྟེ།

    (གཅིག)འགོ་ནད་ཀྱི་རིམས་ནད་ལ་རིམས་ནད་རིག་པའི་བརྟག་དཔྱད་བྱས་ནས། བརྟག་དཔྱད་ཀྱི་གནས་ཚུལ་ལ་གཞིགས་ཏེ། རིམས་ནད་ཐོན་ས་དང་རིམས་ནད་ཐོན་ཁུལ་དབྱེ་བའི་གྲོས་འགོ་འདོན་དགོས་པ་དང་། སྦགས་བཙོག་ཤོར་བའི་དོ་རར་གཙང་སྦྲ་འཕྲོད་བསྟེན་བྱས་ནས་ཐག་གཅོད་བྱེད་དགོས། འབྲེལ་འདྲིས་དམ་ཟབ་འབྱུང་མཁན་ལ་དམིགས་འཛུགས་ཀྱི་གནས་སུ་གསོ་རིག་གི་ལྟ་ཞིབ་བྱེད་དགོས་པ་དང་དགོས་ངེས་ཀྱི་སྔོན་འགོག་བྱེད་ཐབས་གཞན་དག་སྤྱོད་དགོས་པ་མ་ཟད། འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་ལ་རིམས་ནད་ཚོད་འཛིན་གྱི་ཇུས་གཞི་འདོན་དགོས།

    (གཉིས)འགོ་ནད་ཐོན་པ་དང་མཆེད་སྐབས། རིམས་ནད་ཐོན་ས་དང་རིམས་ནད་ཐོན་ཁུལ་དུ་གཙང་སྦྲ་འཕྲོད་བསྟེན་བྱེད་དགོས་པ་དང་། འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་ལ་རིམས་ནད་ཚོད་འཛིན་གྱི་ཇུས་གཞི་འདོན་དགོས་པ་མ་ཟད། འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་གྱི་བླང་བྱ་ལྟར་བྱེད་ཐབས་སྤྱོད་དགོས།

    (གསུམ)རིམ་པ་འོག་མའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་གཞིར་འགོ་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལག་ལེན་བསྟར་བར་མཛུབ་ཁྲིད་བྱེད་དགོས་པ་དང་། འབྲེལ་ཡོད་ཚན་པར་འགོ་ནད་ཀྱི་རིམས་ནད་ཐག་གཅོད་བྱེད་པར་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་དགོས”པའི་གཏམ་འབེབས་བྱས་ཡོད།

    6.发现新型冠状病毒感染肺炎病例时,疾病预防控制机构应采取哪些措施?

    答: 《传染病防治法》第四十条规定:“疾病预防控制机构发现传染病疫情或者接到传染病疫情报告时,应当及时采取下列措施:

    (一)对传染病疫情进行流行病学调查,根据调查情况提出划定疫点、疫区的建议,对被污染的场所进行卫生处理,对密切接触者,在指定场所进行医学观察和采取其他必要的预防措施,并向卫生行政部门提出疫情控制方案;

    (二)传染病暴发、流行时,对疫点、疫区进行卫生处理,向卫生行政部门提出疫情控制方案,并按照卫生行政部门的要求采取措施;

    (三)指导下级疾病预防控制机构实施传染病预防、控制措施,组织、指导有关单位对传染病疫情的处理。”

    44.png

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།