བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས།
【2022】ཡིག་ཨང་76པ།
གཅིག ཏོག་གསར་གློ་ཚད་འགོས་པའི་ནད་པ་ཁྱབ་ཚུལ།
2022ལོའི་ཟླ་9ཚེས་12ཉིན་གྱི་ཆུ་ཚོད་0ནས་24བར། མངའ་རིས་ས་ཁུལ་དུ་ནད་རྟགས་མེད་པའི་ནད་པ་8(ཚང་མ་དོ་དམ་ཚོད་འཛིན་བྱེད་ས་ནས་ཤེས་རྟོགས་བྱུང་བ)མང་དུ་ཕྱིན་པ་ལས།
(གཅིག)སྒར་རྫོང་དུ་ཉིན་དེ་རང་ལ་ནད་རྟགས་མེད་པའི་ནད་པ་3མང་དུ་ཕྱིན་ཡོད་པ།
(གཉིས)སྤུ་ཧྲེང་རྫོང་དུ་ཉིན་དེ་རང་ལ་ནད་རྟགས་མེད་པའི་ནད་པ་5མང་དུ་ཕྱིན་ཡོད་པ།
(གསུམ)དགེ་རྒྱས་རྫོང་དུ་ཉིན་དེ་རང་ལ་ནད་པ་མང་དུ་ཕྱིན་མེད།
(བཞི)མཚོ་ཆེན་རྫོང་དུ་ཉིན་དེ་རང་ལ་ནད་པ་མང་དུ་ཕྱིན་མེད།
(ལྔ) སྒེར་རྩེ་རྫོང་དུ་ཉིན་དེ་རང་ལ་ནད་པ་མང་དུ་ཕྱིན་མེད།
(དྲུག)རུ་ཐོག་རྫོང་དུ་ཉིན་དེ་རང་ལ་ནད་པ་མང་དུ་ཕྱིན་མེད།
གཉིས། ཉེན་ཁའི་ཁུལ་དབྱེ་བ།
《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི(པར་གཞི་དགུ་པ)》ཡི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རིམས་ནད་རིག་པའི་ཕྱོགས་བསྡུས་མཐའ་དཔྱོད་བྱས་པ་བརྒྱུད། ཟླ་9ཚེས་13ཉིན་གྱི་ཆུ་ཚོད་12ནས་བཟུང་། སྤུ་ཧྲེང་རྫོང་བར་ག་ཤང་ཉེན་ཁ་འབྲིང་བའི་ཁུལ་དུ་ལེགས་སྒྲིག་བྱས་ཡོད། མིག་སྔར་ས་ཁུལ་ཡོངས་སུ་ཉེན་ཁ་ཆེ་བའི་ཁུལ་མེད་པ་དང་ཉེན་ཁ་འབྲིང་བའི་ཁུལ་4ཡོད། ཞིབ་ཕྲ་གཤམ་གསལ་ཏེ།
(གཅིག) སྒར་རྫོང་།
ཉེན་ཁ་འབྲིང་བའི་ཁུལ་གཉིས་ཡོད་པ་སྟེ།
1.སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་རྒན་ཡོལ་ཁུལ་དང་པོ(ཉེན་ཁ་ཆུང་བའི་ཁུལ་དུ་ལེགས་སྒྲིག་བྱས་པའི་ས་ཁོངས་ཕུད)
2.སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་རྒན་ཡོལ་ཁུལ་གཉིས་པ།
(གཉིས) སྤུ་ཧྲེང་རྫོང་།
ཉེན་ཁ་འབྲིང་བའི་ཁུལ་གཉིས་ཡོད་པ་སྟེ།
1.སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་སྐྱིད་ཐང་སྡེ་ཁུལ་གོང་དཀར་ཚོགས་ཆུང་།
2.སྤུ་ཧྲེང་རྫོང་བར་ག་ཤང(ཉེན་ཁ་ཆུང་བའི་ཁུལ་དུ་ལེགས་སྒྲིག་བྱས་པའི་ས་ཁོངས་ཕུད)
གསུམ། སྤྱི་ཚོགས་ངོས་ཀྱི་རིམས་ནད་གཙང་སེལ་ཆ་འཕྲིན།
མངའ་རིས་ས་ཁུལ་ལ་སྤྱི་ཚོགས་ངོས་ཀྱི་རིམས་ནད་གཙང་སེལ་མངོན་འགྱུར་བྱུང་བ།
མངའ་རིས་ས་ཁུལ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས།
2022ལོའི་ཟླ་9ཚེས་13ཉིན།