དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སོ་ལྔ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-14

    ཚེས་12ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སོ་ལྔ་པ་འཚོགས་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་རྒྱ་ཆེའི་སྡེ་ཁུལ་ལས་དོན་མི་སྣ་དང་ཁོར་ཡུག་གཙང་སྦྲ་བའི་ཚོགས་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཁྲོད་ནུས་པ་འདོན་སྤེལ་དང་ལས་དོན་གྱི་འགན་ཁུར་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9ཚེས་11ཉིན་གྱི་ཆུ་ཚོད་0ནས་24བར་ལྗོངས་ཡོངས་སུ་ཡུལ་དེ་རང་གི་གཏན་འཁེལ་ནད་པ་10(ལྷ་ས་གྲོང་ཁྱེར་ལ་8དང་། ཆབ་མདོ་གྲོང་ཁྱེར་ལ་2)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་216(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་114དང་། གཞིས་རྩེ་གྲོང་ཁྱེར་ལ་61 ལྷོ་ཁ་གྲོང་ཁྱེར་ལ་3 ནག་ཆུ་གྲོང་ཁྱེར་ལ་29 མངའ་རིས་ས་ཁུལ་ལ་9)མང་དུ་ཕྱིན་ཡོད་པ་རེད།

    ཟླ་9ཚེས་12ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་རང་གི་གཏན་འཁེལ་ནད་པ་མང་དུ་ཕྱིན་མེད་པ་དང་། རྟགས་མེད་ནད་དུག་འགོས་པ་91(ལྷ་ས་གྲོང་ཁྱེར་ལ་65དང་། གཞིས་རྩེ་གྲོང་ཁྱེར་ལ་17 ནག་ཆུ་གྲོང་ཁྱེར་ལ་9)མང་དུ་ཕྱིན་ཡོད་པ་རེད།

    ཟླ་9ཚེས་11ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་160དང་ཉེན་ཁ་འབྲིང་བའི་ཁུལ་207ཡོད་པ་རེད།

    ཟླ་9ཚེས་11ཉིན་ཏོག་གསར་ནད་དུག་འགོས་པ་226མང་དུ་ཕྱིན་པ་དེ་དག་ཚང་མ་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་ཤ་སྟག་ཡིན་པ་རེད།

    ཟླ་9ཚེས་11ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་1600དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། ཐད་འབྲེལ་པ་46571ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་རེད། མིག་སྔར། མི་གྲངས་52522ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་ངོ་སྤྲོད་གནང་དོན།

    རིམས་ནད་ཐོན་ཚུན། ལྗོངས་ཡོངས་སུ་གཞི་རིམ་ཏང་རྩ་འཛུགས་ཁྲི་2.2ཙམ་དང་གཞི་རིམ་ཏང་ཡོན་ལས་བྱེད་པ་ཁྲི་20ལྷག་ཙམ་གྱིས་བཀའ་འབྱོར་འཕྲལ་སྒྲུབ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་ཐོག་མའི་བསམ་འདུན་ལག་ལེན་དང་འགན་འཁྲི་འཁུར་བའི“གཡུལ་ས་གཙོ་བོ”ཞིག་ཏུ་བརྩི་བ་དང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི“རྡོ་ཀ་ཤུ་ཀ”ལྟ་བུར་བརྩིས་ནས། གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས) ཤང་གྲོང(ཁྲོམ་གཞུང) གྲོང་ལྷན(སྡེ་ཁུལ)བཅས་ལ་གཞོགས་འདེགས་ཀྱིས་ཉིང་སྐྱུར་བརྟག་དཔྱད་སྒྲིག་འཛུགས་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་ཞབས་ཞུ། ལས་རེས་སྡོད་བྱའི་ལས་སྒྲུབ་དང་སྨན་རྫས་སྡེབ་སྐྱེལ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཐོག་མཐའ་བར་གསུམ་དུ་འཐབ་ས་དང་པོར་གདོང་མཆོང་གིས་མང་ཚོགས་ལ་དྲིལ་བསྒྲགས་རྒྱ་ཁྱབ་དང་། མང་ཚོགས་སྐུལ་སློང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་དང་གོང་བུ་གཅིག་སྒྲིལ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“འགོག་སྲུང་འཛིང་རགས་དམར་པོ”ཞིག་བསྐྲུན་ཡོད། ལྗོངས་ཡོངས་ཀྱི་ཁོར་ཡུག་གཙང་སྦྲ་བ་4300ལྷག་ཙམ་གྱིས་དཀའ་ཉེན་ལ་མི་སྐྲག་པར་སྐད་གྲགས་མེད་པར་ལས་གནས་བརྟན་སྲུང་བྱས་པ་དང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་གཙང་སྦྲ་དང་། གད་སྙིགས་གཙང་འདྲེན། རིམས་འགོག་དུག་སེལ་བཅས་བྱེད་ཀྱི་ཡོད། ལྗོངས་ཡོངས་ཀྱི་མེར་སྲེག་བཟོ་གྲྭ་དང་། གད་སྙིགས་སྦས་ས། དབོར་འདྲེན་ས་ཚུགས་སོགས་གནོད་མེད་ཅན་གྱི་སྒྲིག་བཀོད་ཁག་277ལྷག་ཙམ་ཚང་མ་འཁོར་རྒྱུག་བྱས་ཏེ་ཉིན་ལྟར་ཆ་སྙོམས་གད་སྙིགས་གཙང་འདྲེན་རླངས་འཁོར་900ལྷག་ཙམ་གཏོང་བ་དང་། ཉིན་ལྟར་འཚོ་བའི་གད་སྙིགས་ཏུན་3500ལྷག་ཙམ་གཙང་འདྲེན་བྱེད་པ། ཁོར་ཡུག་གཙང་སྦྲ་བ་བརྒྱ་ཕྲག་ཁ་ཤས་ལོགས་བཀར་ས་ཚིགས་སུ་སྤོས་ནས་གཙང་སྦྲ་བྱེད་པ། གད་སྙིགས་ཉིན་ལྟར་གཙང་སེལ་ཐུབ་པ་དང་། ལོགས་བཀར་ས་ཚིགས་དང་ཉེ་འཁོར་གྱི་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་འགྲོ་བ། ནད་ཡམས་མཆེད་པའི་ཉེན་ཁ་ཁྱོན་ཡོངས་ནས་འགོག་པ་བཅས་བྱས་ཏེ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཁོར་ཡུག་གཙང་སྦྲ་བའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

    “ང་ཚོས‘རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག’གི་སྤྱིའི་ཐབས་ཇུས་དང‘སྐབས་བསྟུན་གཙང་བཟོའི’སྤྱིའི་བྱེད་ཕྱོགས་མུ་མཐུད་མཐའ་འཁྱོངས་བྱས་ཏེ‘ཕྱོགས་བཞིའི་འགན་འཁྲི’ནན་དུ་གཏོང་བ་དང་། མཉམ་ལས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་བརྟན་པོ་འཛུགས་པ་བཅས་བྱས་ནས་ཆ་ཤས་གཙང་བཟོར་བརྟེན་ནས་སྤྱི་ཡོངས་གཙང་བཟོ་ཡོང་བ་བྱས་ཏེ་ཐུན་མོང་ཐོག་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ཡིན”ཞེས་བསྟན་འཛིན་ལྷུན་གྲུབ་ཀྱིས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།