རིམས་ནད་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་དགོན་སྡེའི་རྒྱུན་གཏན་གྱི་སྒྲིག་ལམ་རྒྱུན་འཁྱོངས་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དགོན་སྡེ་དོ་དམ་ཨུ་ལྷན་ཁག་གིས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། ཆ་འཕྲིན་ལག་རྩལ་ལས་སྟེཌ་ལ་བརྟེན་ནས་ནུས་ཤུཌ་ཡོད་རྒུས་དྲ་རྒྱའི་སློབ་ཁང་བསྐྲུན་ཏེ་དྲ་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲཌ་དང་སེམས་ཁམས་ལ་ཁྲིད་སྟོན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྣེ་གདོང་ཆུས་དགོན་སྡེ་དོ་དམ་ཨུ་ལྷན་ཁག་གིས་དུས་ཐོག་ཏུ་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ། ཡིག་སྒྱུར་དང་། སྒྲ་ཕབ། རྩོམ་སྒྲིག་སོགས་ཀྱི་བྱ་ཐབས་བརྒྱུད། སློབ་གསོའི་ཐོན་ཁུངས་འབོར་ཆེན་གསར་སྤེལ་དང་ལེགས་སྒྲིག་བྱས་ནས། གྲྭ་བཙུན་ཚོར་རིམས་འགོག་སྲིད་ཇུས་ཀྱི་ཤེས་བྱ་དང“འདུ་ཤེས་གསུམ”གྱི་སློབ་གསོའི་འབྲེལ་ཡོད་ནང་དོན་གནད་ལ་འཁེལ་བའི་སྒོ་ནས་ཁྱབ་གདལ་བཏང་བ་རེད། དེ་དང་ཆབས་ཅིག་ཆུས་དེའི་དགོན་སྡེ་དོ་དམ་ཨུ་ལྷན་ཁག་གིས་དྲ་རྒྱའི་སློབ་ཁང་དང་། སློབ་སྦྱོང་གི་ཐུམ་སྒྲིལ་བརྒྱུད་བསྐུར། སྒྲ་ཕབ་སོགས་ཀྱི་བྱ་ཐབས་ཧུར་ཐག་སྤྱད་དེ་གྲྭ་བཙུན་ལ་དྲ་རྒྱ་ཡང་དག་ངང་སྤྱོད་རྒྱུར་ཁྲིད་སྟོན་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང“འདུ་ཤེས་གསུམ”གྱི་སློབ་གསོར་དེ་བས་ལེགས་པའི་ངང་སྐུལ་འདེད་གཏོང་ཆེད་རྨང་གཞི་བཏིང་བ་རེད།