དབུ་ཤོག>ཆེད་སྒྲིག
  • ལྷ་སའི་ཆུས་འདིའི་ས་ཆ་ཁག་གཅིག་ཐོན་སྐྱེད་དང་འཚོ་བ་སླར་གསོ་ཐུབ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-13

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་རྒུ་རུམ་གྲོང་རྡལ་དང་། དམར་གྲོང་རྡལ། བདེ་ཆེན་གྲོང་རྡལ་བཅས་གོ་རིམ་ལྡན་པའི་སྒོ་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཐུབ་པ།

    རིམས་ནད་ཐོན་ཚུན། སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། “རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག”གི་སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱི་ཐུན་མོང་འབད་བརྩོན་བརྒྱུད། ཟླ་8ཚེས་8ཉིན་ནས་བཟུང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་རྒུ་རུམ་གྲོང་རྡལ་དང་། དམར་གྲོང་རྡལ། བདེ་ཆེན་གྲོང་རྡལ་བཅས་ལ་ཉིན་34བསྟུད་མར་སྤྱི་ཚོགས་ངོས་སུ་གདགས་གཤིས་ནད་པ་མང་དུ་ཕྱིན་པ་མེད་པ་དང་། སྤྱི་ཚོགས་ངོས་ཀྱི་རིམས་ནད་འགོ་ལམ་སྤྱིར་ན་འགོག་ཐུབ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི(པར་གཞི་དགུ་པ)》ཡི་གཏན་འབེབས་དང་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་གཞིགས་ཏེ། སྟོད་ལུང་བདེ་ཆེན་ཆུས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་འཇུག་བྱས་པ་བརྒྱུད། ཁུལ་དབྱེ་རིམ་དབྱེའི་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་མུ་མཐུད་ལག་ལེན་བསྟར་བའི་རྨང་གཞིའི་ཐོག 2022ལོའི་ཟླ་9ཚེས་12ཉིན་གྱི་ཆུ་ཚོད་0ནས། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་པ་རེད།

    བཀག་སྡོམ་གློད་ཀྱང་འགོག་ཟོན་བྱེད་མཚམས་མི་འཇོག་པ་དང་ལྷུག་ཏུ་བཏང་རུང་ལྷོད་གཡེང་མི་གཏོང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་མཐའ་འཁྱོངས་བྱས་ཏེ་གཡོ་འགུལ་མི་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རིམས་འགོག་སྲིད་ཇུས་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ། སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་སྔོན་འགོག་དང་ཚོད་འཛིན་གྱི་འོས་འགན་ནན་ཏན་སྒྲུབ་པ་བཅས་བྱས་ཏེ། ལས་སླ་པོར་ཐོབ་པ་ཞིག་མིན་པའི་རིམས་ནད་འགོག་རྒོལ་གྱི་གྲུབ་འབྲས་ཐུན་མོང་ཐོག་བརྟན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།