དབུ་ཤོག>ཆེད་སྒྲིག
  • ཁྱིམ་ནས་གང་བྱུང་དོན་ཚེ། རྐང་རྗེས་ལག་སུབ་བྱ་སྲིད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-13

    མིག་སྔར་རང་ལྗོངས་ཀྱི་རིམས་འགོག་དུས་བབ།

    ཛ་དྲག་ཤོས་ཀྱི་དུས་སུ་སླེབས་ཡོད།

    མི་སྒེར་གྱི་འགོག་སྲུང་ཡག་ཤོས་ནི།

    ཁྱིམ་ནས་གོམ་པ་གང་ཡང་མི་དོན་པ་འདི་ཡིན་པས།

    མུ་མཐུད། མུ་མཐུད་ཨམ་གཙིགས་བསྡམས་ནས།

    མཐའ་འཁྱོངས་གནང་དང་།

    ཁྱིམ་ནས་གང་བྱུང་དོན་ཚེ།

    ང་ཚོའི་གྲུབ་འབྲས་རྐང་རྗེས་ལག་སུབ་ཏུ་འགྲོ་སྲིད།

    ང་ཚོ་ཚང་མས་ངར་ཤུགས་བསྒྲིམས་ནས།

    འབད་བརྩོན་ལྷོད་མེད་བྱས་ཚེ།

    གཞི་ནས་རྒྱལ་ཁའི་འོད་སྣང་མཐོང་ཐུབ།

    གཤམ་ལ་ང་ཚོས་ཁྱིམ་དུ་སྡོད་སྟངས་ཁ་ཤས་འོས་སྦྱོར་ཞུ་ཡི་ཡིན།

    111.png

    222.png

    333.png

    444.png

    555.png

    ང་ཚོས་མཉམ་དུ་བྱ་སྤྱོད་སྤེལ་ནས། གྲོང(ས)ཨུད་དང་གྲོང་ཁྱེར(ས་ཁུལ)སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། གཏན་འབེབས་ལ་བརྩི་སྲུང་དང་དོ་དམ་ཚོད་འཛིན་དང་ལེན། རང་གཅུན་ནན་པོས་རང་ཁྱིམ་དུ་སྡོད་དགོས། ཁྱིམ་ཆུང་རེ་རེ་མཐའ་གཅིག་ཏུ་ཡག་པོ་བསྲུངས་ན། ང་ཚོའི་ཁྱིམ་ཆེན་བོད་ལྗོངས་ཡག་པོ་སྲུང་ཐུབ། བོད་ཀྱི་རིམས་ནད་སྨུག་སྤྲིན་སྔ་ཙམ་ཡལ་ནས། རྒྱུན་གཏན་འཚོ་བའི་འོད་སྣང་ཀུན་ལ་གང་མགྱོགས་འཕྲོ་བར་སྨོན།

    ལྷ་སའི་འགྲེམས་བསྒྲགས་ཀྱིས་རྩོམ་སྒྲིག་བྱས་པ་གཞིར་བཟུང་ནས་རྩོམ་སྒྲིག་བྱས་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།