དབུ་ཤོག>ཆེད་སྒྲིག
  • སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བཞིན་པའི་ཁོང་རྣམ་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-13

    ཁོར་ཡུག་གཙང་སྦྲ་བ་ནི་གྲོང་ཁྱེར་མཛེས་པོ་བཟོ་མཁན་ཞིག་རེད། ནད་ཡམས་ཐོན་པའི་དུས་འདིར། གྲོང་ཁྱེར་གྱི་ཁོར་ཡུག་གཙང་སྦྲའི་ལས་ཀ་མཚམས་འཇོག་མི་རུང་བས། ཁྲོམ་གཞུང་ལ་གཙང་སྦྲ་བྱེད་པ་དང་། འཚོ་བའི་གད་སྙིགས་བསྡུ་བ་དང་དབོར་བ་སོགས་ཀྱི་ལས་དོན་སྔར་བཞིན་གོ་རིམ་ལྡན་པའི་ངང་སྤེལ་གྱི་ཡོད་པ་རེད།

    1.jpg

    ཁོར་ཡུག་གཙང་སྦྲ་བས་འགོག་སྲུང་གྱོན་ཆས་ནི་ལེགས་པར་གྱོན། འགོག་སྲུང་མིག་ཤེལ་དང་ཁ་རས་N95ནི་ལེགས་པར་བརྒྱབ་ནས་ཞོགས་པ་སྔ་པོ་ནས་ཐོན་ཞིང་། ཁོ་ཚོ་མང་ཚོགས་ཀྱི་ལྟ་སྐྱོང་བ་ལྟ་བུར་གྱུར་ཏེ། གྲོང་ཁྱེར་གྱི་ཁྲོམ་གཞུང་ཆེ་ཆུང་གང་སར་ཉིན་མཚན་བལྟོས་མེད་དུ་གད་སྙིགས་གཙང་སེལ་དང་དབོར་འདྲེན་གྱི་ལས་ལ་གཞོལ་བཞིན་ཡོད། ཁོ་ཚོས་སྐད་གྲགས་མེད་པར་འབད་འཐབ་བྱེད་དོན་ནི། ཁྱིམ་གཞིས་ཆེན་པོ་གཙང་མ་དང་གོ་རིམ་ལྡན་པ་ཞིག་ཡོང་ཆེད་རང་རེད།

    2.jpg

    རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་བརྒྱབ་ཚུན། གྲོང་ཁྱེར་དོ་དམ་ཅུས་དང་ཇོ་མོ་གླང་མ་གྲོང་ཁྱེར་མ་དངུལ་ཚོགས་པའི་གཅིག་གྱུར་བཀོད་སྒྲིག་འོག ཉིན་ལྟར་ཆ་སྙོམས་ཁོར་ཡུག་གཙང་སྦྲ་བ་མི་ཐེངས་120དང་གནོན་བཙིར་རླངས་འཁོར་དང་། དཔུང་གཤོང་རླངས་འཁོར། ཆུ་གཏོར་རླངས་འཁོར་སོགས་ཐེངས་52བཏང་ནས་ཉིན་ལྟར་ཆ་སྙོམས་གད་སྙིགས་ཏུན་180ལྷག་ཙམ་གཙང་སེལ་དང་དབོར་འདྲེན་བྱེད་པ་ལས། དེའི་ནང་ཁྱོན་ཉེན་ཁ་ཆེ་འབྲིང་ཁུལ་གྱི་འཚོ་བའི་གད་སྙིགས་ཏུན་105མེར་བསྲེགས་ནས་གཙང་སེལ་བྱས་ཏེ། གཞི་རྩའི་ཆ་ནས་འཚོ་བའི་གད་སྙིགས་ཉིན་ལྟར་གཙང་སེལ་ཐུབ་ཀྱི་ཡོད།

    3.jpg

    གཞན་ཡང་། གྲོང་ཁུལ་གྱི་སྤྱི་པའི་གསང་སྤྱོད་76ལ་ཁྱོན་ཡོངས་ནས་གཙང་སྦྲ་དང་དུག་སེལ་བྱས་ཏེ། ཆབ་གཞོང་དང་ལག་འཇུ་སོགས་གནས་གཙོ་ཆེ་སར་དམིགས་ནས་ཉིན་ལྟར་དུག་སེལ་ཐེངས་མང་བྱས་ཏེ། ཁྱོན་ཡོངས་ལ་ཁྱབ་པ་དང་ཁུག་ཀྱོག་གཅིག་ཀྱང་མ་ལུས་པར་བྱེད་ཀྱི་ཡོད།

    4.png

    རིམས་ནད་ཀྱི་མདུན་དུ། ཁོར་ཡུག་གཙང་སྦྲ་བས་གང་ལའང་མི་སྐྲག་པར་དཔའ་ངར་ཆེན་པོས་གདོང་མཆོང་བྱས་ཏེ། རིམས་འགོག་གི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་ལས་དོན་མི་སྣ་དང་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“ཁོར་ཡུག་གཙང་སྦྲ་བའི་འགོག་སྲུང་འཛིང་རགས”བརྟན་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་བདེ་འཇགས་སྲུང་བཞིན་ཡོད་པས། ཁོ་ཚོར་སྙིང་ཐག་པ་ནས་གུས་འདུད་ཞུ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།