དབུ་ཤོག>ཆེད་སྒྲིག
  • ཚལ་འདེབས་ཞིང་པར་སྔོ་ཚལ་དང་ཤིང་འབྲས་ཀྱི་ཚོང་ལམ་འཚོལ་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-12

    ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་རྒྱ་ཚ་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཡུལ་དེའི་ཚལ་འདེབས་ཞིང་པའི་ཤིང་འབྲས་དང་སྔོ་ཚལ་འཚོང་དཀའ་བའི་གནད་དོན་ཤེས་རྗེས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་པའི་རྨང་གཞིའི་ཐོག རང་འགུལ་ངང་ཚལ་འདེབས་ཞིང་པར་ཚོང་ལམ་འཚོལ་རོགས་བྱས་ཤིང་། རྒྱ་ཚ་གྲོང་རྡལ་མངགས་གཏོང་ཁང་གིས་ས་ཁུལ་དུ་བཅའ་སྡོད་ཁེ་ལས་དང་ཚན་པ་དང་མཐུན་སྦྱོར་འབྲེལ་གཏུག་བྱས་པ་བརྒྱུད། འཚོང་རྒྱུར་ལུས་པའི་སྔོ་ཚལ་ཉོ་ཚོང་གྲོས་མཐུན་བཞག་པ་མ་ཟད། ད་དུང་འགོག་སྲུང་ཡག་པོ་བྱས་པའི་རྨང་གཞིའི་ཐོག་དངོས་ཟོག་སྒོ་རྩར་སྐྱེལ་བའི་ཞབས་ཞུ་ཡང་བསྒྲུབས་ཡོད། ཕྱོགས་ཁག་གི་འབད་བརྩོན་འོག མིག་སྔར་རྒྱ་ཚ་གྲོང་རྡལ་མངགས་གཏོང་ཁང་གིས་ཚལ་འདེབས་ཞིང་པར་རིམ་རྩིས་བྱས་ན་སྔོ་ཚལ་རྒྱ་མ་2200འཚོང་རོགས་བྱས་པ་དང་ཆབས་ཅིག རྒྱ་ཚ་གྲོང་རྡལ་གྱི་ཤིང་འབྲས་འདེབས་མཁན་ཞིང་པ་བསམ་གྲུབ་ལ་ཚོང་ལམ་ཐག་གཅོད་བྱ་ཆེད། མི་དམངས་ཉེན་རྟོག་པས་སྐད་འཕྲིན་ཚོགས་པ་དང་གྲོགས་ཚོགས་སོགས་བརྒྱུད། ཉེ་འགྲམ་གྱི་དགོས་མཁོ་ཡོད་པའི་དགའ་ཉེ་སྤུན་མཆེད་དང་ཚོང་པར་ཉོ་རྒྱུའི་སྐུལ་སློང་བྱས་ནས། བསམ་གྲུབ་ལ་ཚོང་ལམ་འཚོལ་རོགས་བྱས་ཡོད།

    3292516_yis_1662912000000_s.jpg

    འདི་ནི་རྒྱ་ཚ་རྫོང་རྒྱ་ཚ་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཚལ་འདེབས་ཞིང་པར་འཚོང་རོགས་བྱས་པའི་སྔོ་ཚལ་དབོར་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།