དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སོ་གསུམ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-12

    ཚེས་10ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སོ་གསུམ་པ་འཚོགས་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། མི་སྤྱི་སྡེ་ཚན་གྱིས་རིམས་ནད་ཐོན་རིང་ཁྲོམ་རའི་བྱེད་པོ་བརྟན་པོ་དང་། ལས་ཞུགས་བརྟན་པོ། ངལ་རྩོལ་འབྲེལ་བ་འགན་སྲུང་སོགས་ཀྱི་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9ཚེས་9ཉིན་གྱི་ཆུ་ཚོད་0ནས་24བར་ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་16 (ལྷ་ས་གྲོང་ཁྱེར་ལ་7དང་། གཞིས་རྩེ་གྲོང་ཁྱེར་ལ་5 ཆབ་མདོ་གྲོང་ཁྱེར་ལ་4)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་306(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་137དང་། གཞིས་རྩེ་གྲོང་ཁྱེར་ལ་103 ལྷོ་ཁ་གྲོང་ཁྱེར་ལ་14 ཆབ་མདོ་གྲོང་ཁྱེར་ལ་5 ནག་ཆུ་གྲོང་ཁྱེར་ལ་32 མངའ་རིས་ས་ཁུལ་ལ་15)མང་དུ་ཕྱིན་ཡོད་པ་རེད།

    ཟླ་9ཚེས་10ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་3(ལྷ་ས་གྲོང་ཁྱེར་ནས་སྙན་སེང་ཞུས་པ)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་112(ལྷ་ས་གྲོང་ཁྱེར་ལ་61དང་། གཞིས་རྩེ་གྲོང་ཁྱེར་ལ་25 ལྷོ་ཁ་གྲོང་ཁྱེར་ལ་6 ནག་ཆུ་གྲོང་ཁྱེར་ལ་9 མངའ་རིས་ས་ཁུལ་ལ་11)མང་དུ་ཕྱིན་ཡོད་པ་རེད།

    ཟླ་9ཚེས་9ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་248དང་ཉེན་ཁ་འབྲིང་བའི་ཁུལ་214ཡོད་པ་རེད།

    ཟླ་9ཚེས་9ཉིན་ཏོག་གསར་ནད་དུག་འགོས་པ་322མང་དུ་ཕྱིན་པ་དེ་དག་ཚང་མ་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་ཤ་སྟག་ཡིན་པ་རེད།

    ཟླ་9ཚེས་9ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་1364དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། ཐད་འབྲེལ་པ་44621ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་རེད། མིག་སྔར། མི་གྲངས་49436ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།

    ཟླ་9ཚེས་10ཉིན་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཟླ་མཆོད་དུས་ཆེན་ཡིན་ལ་རྒྱལ་ཡོངས་ཀྱི་དགེ་རྒན་དུས་ཆེན་ཐེངས་38པ་དང་ཡང་ཏག་ཏག་འཁེལ་གྱི་ཡོད། རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་དང་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་། མང་ཚོགས། རྒྱ་ཆེའི་རིམས་འགོག་ལས་དོན་པ་བཅས་ལ་དུས་ཆེན་གྱི་སྨོན་འདུན་བཟང་པོ་དང་ལྷག་བསམ་ཟོལ་མེད་ཀྱི་གུས་འདུད་ཞུས་ཤིང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་། སློབ་གསོའི་ལས་དོན་པ། ལས་བྲལ་དང་རྒན་ཡོལ་ཞུས་པའི་དགེ་རྒན་དང་ལས་བཟོ་པ། རྒྱ་ཆེའི་སློབ་སྐྱོར་ལས་དོན་པ་བཅས་ལ་དགེ་རྒན་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད། ཁོང་ཚོས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

    བསྟན་འཛིན་ལྷུན་གྲུབ་ཀྱིས། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཛ་དྲག་དང་རྙོག་འཛིང་ཆེ་བའི་དུས་བབ་སྔར་བས་གསལ་རྟོགས་བྱས་ཏེ་རྣམ་གཡེང་གི་བསམ་བློ་དང་ལྷོད་གཡེང་གི་སེམས་པ་མཐའ་གཅིག་ཏུ་སྔོན་འགོག་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་ཤུགས་ཆེ་རུ་གཏོང་བ། ཞན་ཆ་སེལ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཧུར་ཐག་ལེན་པར་གཞོལ་དགོས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ནི་ཆུ་བོའི་གྱེན་དུ་གྲུ་བཏང་ན་གྱེན་དུ་མ་ཕྱིན་ཕྱིར་བཤོལ་ཐེབས་པ་ལྟ་བུ་ཡིན་པར་སྔར་བས་ངོས་འཛིན་བྱས་ཏེ་ལས་ཀའི་ཐད་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློའི་ཐད་ཉེན་ཟོན་རྒྱུན་འཁྱོངས་བྱེད་པ། བྱ་སྤྱོད་ཐད་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། དུས་ཚོད་ཐུང་ཤོས་ནང་ལྗོངས་ཡོངས་སུ་སྐབས་བསྟུན་གཙང་སེལ་གྱི་དམིགས་ཚད་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས་པ། མང་ཚོགས་ཀྱི་འཚོ་བར་སྔར་བས་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་དང་། གནད་དོན་ལ་ལྟ་སྟངས་འཛིན་པ། མང་ཚོགས་ཀྱི་སེམས་ཁྲལ་དང་། དཀའ་ངལ། རེ་སྒུག་བཅས་ཤེས་རྟོགས་གཏིང་ཟབ་བྱེད་པ། བརྩེ་སེམས་བཅངས་ནས་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་བྱེད་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ནན་ཏན་དང་ཞིབ་ཚགས་སྒྲུབ་པ་བཅས་བྱས་ཏེ་མང་ཚོགས་ལ་དངོས་འབྲེལ་དྲོ་སྐྱིད་སྦྱིན་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་མི་སྤྱི་ཐིང་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཁོ་ཡུས་ངོ་སྤྲོད་བྱས་དོན། རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱེད་པའི་ཐད“འདུན་ཞུ་མི་དགོས་པར་ལོངས་སྤྱོད་ཐུབ་པ”དང“དྲ་ཐོག་ནས་ཐད་ཀར་སྤྲོད་པའི”བྱེད་ཐབས་སྤྱད་དེ་ཆུས་རིམ་པའི་ཁེ་ལས་26ལ་སྤྲོད་ཐེངས་གཅིག་གི་ལས་གནས་རྒྱ་ཆེར་གཏོང་བའི་ཁ་གསབ་ཁག་དང་པོ་དང་དེ་བཞིན་སྤྲོད་ཐེངས་གཅིག་གི་ལས་ཐེབས་ཆག་པའི་ཁ་གསབ་སྒོར་ཁྲི་344.9སྤྲད་པ་དང་། ཁེ་ལས་28ལ་མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་བསྡུས་པའི་ཁ་གསབ་སྒོར་ཁྲི་2841སྤྲད་པ། ཁེ་ལས་20ལ་ལས་གནས་བརྟན་གཏོང་གི་ཕྱིར་སློག་དངུལ་སྒོར་ཁྲི་96སྤྲད་པ། དྲ་ཐོག་ནས་ཐོ་འགོད་དང་། ཞིབ་བཤེར་གཏན་འབེབས། ཐད་སྤྲོད་བཅས་ཀྱི་བྱ་ཐབས་སྤྱད་དེ་རང་སྐྱོང་ལྗོངས་རིམ་པའི་ལས་ཤོར་འགན་བཅོལ་དངུལ་སྒོར་ཁྲི་28.63དང་ལས་ཤོར་ཁ་གསབ་དངུལ་སྒོར་ཁྲི་10.29སྤྲད་པ། དུས་མཚམས་རང་བཞིན་གྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འགྱངས་འཇལ་གྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རིམ་རྩིས་བྱས་ན་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འགྱངས་འཇལ་གྱི་ཁེ་ལས་45བདག་སྤྲོད་བྱས་པར་བཟའ་བཏུང་ཞག་སྡོད་དང་། སྡེབ་ཚོང་སིལ་ཚོང་། རིག་གནས་ལུས་རྩལ་དང་ཡུལ་སྐོར། དམངས་སྤྱོད་མཁའ་འགྲུལ། གཞུང་ལམ་སྐྱེལ་འདྲེན། སྨན་རྫས་ཐོན་སྐྱེད་སོགས་ལས་རིགས་དང་གཙོ་གནད་ཐོག་འབྲེལ་བ་ཡོད་ཅིང་། རིམ་རྩིས་བྱས་ན་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྒོར་ཁྲི་5907.72འགྱངས་འཇལ་བྱས་པ། རིམས་ནད་ཐོན་རིང་དྲ་ཐོག་ནས་ལས་མི་བསྡུ་ཚོགས་ཐེངས་5སྒྲིག་འཛུགས་བྱས་པར་མི་སྤྱོད་ཚན་པ་227གྱིས་ལས་གནས་3100ལྷག་ཙམ་མཁོ་འདོན་བྱས་ཡོད། ཐོབ་ཆ་སྤྲོད་པའི་ཐད་སྤྱི་ཚོགས་འགན་བཅོལ་གྱི“དྲ་ཐོག་ལས་སྟེགས”བརྒྱུད་རྒན་གསོའི་དངུལ་གྱི་གྲངས་གཞི་བཟོས་ནས་དྲ་ཐོག་ནས་ཞིབ་བསྡུར་དང་གང་མགྱོགས་སྤྲད་དེ་འགན་བཅོལ་ནང་ཞུགས་མཁན་ཚང་མར་དུས་ཐོག་དང་གྲངས་ཚང་ངང་རྒན་གསོ་འགན་བཅོལ་དངུལ་རག་པའི་འགན་ལེན་བྱས་པ་རེད།

    ཁྲེན་ཁོ་ཡུས་ཀྱིས་ད་དུང་མི་སྤྱི་སྡེ་ཚན་གྱིས་དུས་མཚམས་རང་བཞིན་གྱི་འགན་བཅོལ་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འགྱངས་འཇལ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ངོ་སྤྲོད་གནང་ཞིང་། ཁོང་གིས་དུས་མཚམས་རང་བཞིན་གྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བའི་ཐད། འགན་བཅོལ་ནང་ཞུགས་མཁན་ཚན་པས་གྲོན་དངུལ་འཇལ་བའི་འདུན་ཞུ་འབུལ་སྐབས་ལས་སྒོའི་མ་ལག་ནས་བཀོད་སྒྲིག་བྱས་ཟིན་པའི་ཆག་ཡང་དང་རྩ་ཆག་གཏོང་བའི་དཔྱད་གྲངས་ལྟར་རང་བཞིན་གྱིས་འཇལ་དགོས་ངེས་ཀྱི་གྲངས་གཞི་དོན་པས“འདུན་ཞུ་མི་དགོས་པར་ལོངས་སྤྱོད་ཐུབ་པ”དང་། མིག་སྔའི་བར་དུས་མཚམས་རང་བཞིན་གྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར་1.68ཆག་ཡང་དང་རྩ་ཆག་བཏང་ཡོད། དུས་མཚམས་རང་བཞིན་གྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འགྱངས་འཇལ་བྱེད་པའི་ཐད། འཇགས་རྣམ་དོ་དམ་བྱེད་རིང་དུས་མཚམས་རང་བཞིན་གྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འགྱངས་འཇལ་གྱི་འདུན་ཞུ་བྱེད་ཐབས་བྲལ་བའི་ཁྲོམ་རའི་བྱེད་པོར“མཇུག་ཏུ་ཁུངས་འདེད”ཀྱི་རྩ་དོན་སྤྱད་དེ་འདུན་ཞུ་ནར་འགྱངས་བྱེད་ཆོག་པ། འགན་བཅོལ་ནང་ཞུགས་མཁན་ཚན་པ་ཁག་གིས་དྲ་ཐོག་ནས་འབྲེལ་ཡོད་སྤྱི་ཚོགས་འགན་བཅོལ་ལས་སྒོ་འདུན་ཞུ་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ། འཇགས་རྣམ་དོ་དམ་བྱེད་རིང་ཚན་པས་རྒྱུན་གཏན་གྱི་གྲོན་དངུལ་འཇལ་བའི་འདུན་ཞུར་ཤུགས་རྐྱེན་མི་ཐེབས་པ་བྱས་ནས་ལས་བཟོའི་སྤྱི་ཚོགས་འགན་བཅོལ་གྱི་ཁེ་དབང་བསྲུངས་ཡོད། ལྗོངས་ཡོངས་ཀྱི་འབྲེལ་ཡོད་ཁེ་ལས་ཁག་གིས་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་གཙོ་ཆེའི་དྲ་ཚུགས་སུ་འཛུལ་བའམ་ཐད་སྦྲེལ་ཁ་པར་12333བརྒྱབ་ནས་འབྲེལ་ཡོད་ལས་སྒོ་གཉེར་ཆོག་མིན་བློ་འདྲི་བྱེད་ཆོག་ལ་ཆུ་ཚོད་24རིང་དྲ་ཐོག་ཏུ་སྡོད་བྱ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།