དབུ་ཤོག>ཆེད་སྒྲིག
  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ལྗོངས་ལས་དོན་ཚོཌ་ཆུང་གིས་རིམས་འགོག་བྱེད་མཁན་སྨན་པ་དང་སྨན་ཞབས་པར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-12

    ཚེས་10ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ལྗོངས་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཡུས་ཞུའེ་ཅུན་གྱིས་རུ་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་བུད་མེད་བུ་བཙའ་དང་བྱིས་པའི་སྨན་ཁང་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་། ལྷ་ས་རིག་གནས་བསམ་བཀོད་གླིང་བཅས་སུ་ཕེབས་ནས་དུས་ཆེན་རིང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་བརྟན་སྲུང་བྱེད་བཞིན་པའི་བོད་སྐྱོར་སྨན་བཅོས་རུ་ཁག་དང་ཕྱོགས་བསྡུས་སྨན་ཁང་གི་སྨན་དོན་མི་སྣར་འཚམས་འདྲི་གནང་བ་དང་། བོད་སྐྱོར་སྨན་བཅོས་རུ་ཁག་གི་ལས་ཀ་དང་འཚོ་བ། དེ་བཞིན་ཕྱོགས་བསྡུས་སྨན་ཁང་གི་སྐྱོབ་བཅོས་གནས་ཚུལ་མཁྱེན་རྟོགས་གནང་བ། ལྷ་སའི་རིག་གནས་བསམ་བཀོད་གླིང་གིས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ལྗོངས་ལས་དོན་ཚོགས་ཆུང་དང་རང་སྐྱོང་ལྗོངས་ཀྱི་ཚབ་ཞུས་ནས་རིམས་འགོག་བྱེད་མཁན་སྨན་པ་དང་སྨན་ཞབས་པར་དུས་ཆེན་གྱི་སྨོན་འདུན་བཟང་པོ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་འབྲེལ་ཁོང་ཚོས་དཀའ་སྤྱད་འབད་འཐབ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལུའོ་མེ་ལྷན་དུ་ཕེབས་ཡོད་པ་རེད།

    ཡུས་ཞུའེ་ཅུན་གྱིས་ཉིན་ཤས་བསྟུད་མར་འབད་འཐབ་བྱས་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཁོང་གིས་ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་སུ་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གིས་རིམས་ནད་ཀྱི་མདུན་དུ“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་ཕྱིར་བཤོལ་མི་བྱེད་པ་དང་དཀའ་ངལ་ཁྱད་བསད་ཀྱིས་མདུན་སྐྱོད་བྱས་པ་དང་ལས་གནས་བརྟན་སྲུང་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་བླ་ན་མེད་པའི་ལས་རིགས་ཀྱི་སྙིང་སྟོབས་མངོན་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་གསུངས་པ་རེད། ཡུས་ཞུའེ་ཅུན་གྱིས་བོད་སྐྱོར་སྨན་བཅོས་རུ་ཁག་ལ་རླབས་ཆེན་གྱི་རིམས་འགོག་གི་སྙིང་སྟོབས་དང་། སྲོག་སྐྱོབ་རྨས་སྐྱོར་གྱི་སྙིང་སྟོབས། བོད་སྐྱོར་གྱི་སྙིང་སྟོབས་བཅས་མུ་མཐུད་དར་སྤེལ་བཏང་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོབ་བྱ་རྒྱུའི་རེ་བ་བཏོན་པ་དང་། ཁོང་གིས་ད་དུང་བོད་སྐྱོར་སྨན་བཅོས་རུ་མི་ཚོར་ནད་པར་སྨན་བཅོས་བྱེད་པ་དང་དམག་འཐབ་ཀྱི་ལས་འགན་ལེགས་སྒྲུབ་བྱེད་ཞོར་དུ་རང་ངོས་ཀྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀ་དང་ངལ་གསོ་ཟུང་འབྲེལ་བྱ་རྒྱུར་དོ་སྣང་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།

    ཡུས་ཞུའེ་ཅུན་གྱིས་གྲོང་མིའི་རྒྱུན་གཏན་གྱི་སྨན་བཅོས་དགོས་མཁོ་སྐོང་ཐུབ་པའི་ཕྱོགས་བསྡུས་སྐྱོབ་བཅོས་སྨན་ཁང་ཞིག་ཡིན་པའི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ལྷ་ས་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ལས་དོན་ལ་ཁ་གཏད་གཅོག་སྐབས་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་ཞིབ་འཇུག་དང་བརྡར་ཤ་ནན་ཏན་གཅོད་པ། ཕྱོགས་བསྡུས་སྐྱོབ་བཅོས་སྨན་བཅོས་སྒྲིག་གཞིའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ། ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་དོ་དམ་དང་སྔོན་བཤེར་ཁག་བགོས་འགྲོ་ལུགས་བཀོད་སྒྲིག་དང་སྨན་བཅོས་སྐྱོབ་བཅོས་གོ་རིམ་ཚད་ལྡན་དུ་གཏོང་བ། ནད་ཅན་དབྱེ་བཤེར་དང་། ནད་ངོ་འཛིན་པ། སྐྱོབ་བཅོས་བྱེད་པ། སྨན་ཁང་སྒྱུར་བ་སོགས་ཀྱི་ལས་དོན་ཁག་རིགས་དབྱེ་ནས་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ཏོག་གསར་གློ་ཚད་རིམས་ནད་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ནད་པ་དང་། སྨན་པ་དང་སྨན་ཞབས་པ། གཙོ་གནད་མི་ཚོགས་བཅས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ནད་པས་སྨན་པ་བསྟེན་པའི་འགྲོ་ལུགས་སྔར་ལས་ཚད་ལྡན་དུ་གཏོང་བ། སྒོ་བསྟེན་སྨན་ཁང་དང་དོས་དྲག་སྨན་ཁང་གི་ལས་ཀའི་གོ་རིམ་ཚད་ལྡན་དུ་གཏོང་བ། མི་སྣ་དང་འབྲེལ་འདྲིས་བྱེད་ཚད་ཉུང་དུ་གཏོང་བ། སྨན་ཁང་གི་སྣོལ་སྦྲེལ་འགོས་ཉེན་ཆུང་དུ་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚར་གཅོད་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།