དབུ་ཤོག>ཆེད་སྒྲིག
  • རིམས་ནད་རིང་བོད་ཀྱིས་འགན་བཅོལ་དངུལ་འཇལ་རྒྱུ་ནར་འགྱངས་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-11

    11.jpg

     ཟླ་9ཚེས་10ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་ལས་ཞུགས་ཞབས་འདེགས་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཁོ་ཡུས་ཀྱིས་རིམས་ནད་ཐོན་རིང་། རང་ལྗོངས་ཀྱིས་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱེད་པའི་ཐད་བཏོན་པའི་ཁ་གཏད་གཅོག་ཐབས་རབ་དང་རིམ་པ་ངོ་སྤྲོད་བྱས་པ་སྟེ། 

    ལས་གནས་བརྟན་དུ་གཏོང་བའི་ཐད། རེ་འདུན་ཞུ་མི་དགོས་པར་ལོངས་སྤྱོད་བྱ་ཆོག་པ་དང་དྲ་ཐོག་ནས་ཐད་ཀར་སྤྲོད་པའི་བྱེད་ཐབས་སྤྱད་དེ། ལྗོངས་རིམ་པ་འདི་གའི་ཁེ་ལས་26ལ་ལས་གནས་མང་དུ་གཏོང་བའི་ཁ་གསབ་དངུལ་ཁག་དང་པོ་དང་དེ་བཞིན་ལས་ཉར་གསོ་སྦྱོང་གི་ཁ་གསབ་དངུལ་སྒོར་ཁྲི་344.9སྤྲོད་ཐེངས་གཅིག་ལ་སྤྲད་པ་དང་། ཁེ་ལས་28ལ་མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་བསྡུ་བའི་ཁ་གསབ་དངུལ་སྒོར་ཁྲི་2841སྤྲད་པ། ཁེ་ལས་20ལ་ལས་གནས་བརྟན་གཏོང་གི་ཕྱིར་སློག་དངུལ་སྒོར་ཁྲི་96སྤྲད་པ་རེད། 

    ལས་ཤོར་འགན་བཅོལ་གྱི་ཐད། དྲ་ཐོག་ནས་ཐོ་འགོད་དང་། ཞིབ་བཤེར་གཏན་འབེབས། ཐད་ཀར་སྤྲོད་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ། ལྗོངས་རིམ་པ་འདི་གའི་ལས་ཤོར་འགན་བཅོལ་དངུལ་སྒོར་ཁྲི་28.63དང་ལས་ཤོར་ཁ་གསབ་དངུལ་སྒོར་ཁྲི་10.29སྤྲད་པ་རེད། 

    སྤྱི་ཚོགས་འགན་བཅོལ་དངུལ་འཇལ་རྒྱུ་ནར་འགྱངས་བྱས་པའི་ཐད། དུས་མཚམས་རང་བཞིན་གྱི་སྤྱི་ཚོགས་འགན་བཅོལ་དངུལ་འཇལ་རྒྱུ་ནར་འགྱངས་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཁྲོམ་རའི་བྱེད་པོར་དཀའ་ངལ་སེལ་རོགས་བྱས་ཤིང་།  རིམ་རྩིས་བྱས་ན། སྤྱི་ཚོགས་འགན་བཅོལ་དངུལ་འཇལ་རྒྱུ་ནར་འགྱངས་བྱས་པའི་ཁེ་ལས་45བདག་སྤྲོད་བྱས་པ་དེ་དག་གཙོ་བོ་ཞག་སྡོད་བཟའ་བཏུང་དང་། སྡེབ་ཚོང་སིལ་ཚོང་། རིག་གནས་དང་ལུས་རྩལ་ཡུལ་སྐོར། དམངས་སྤྱོད་མཁའ་འགྲུལ། གཞུང་ལམ་སྐྱེལ་འདྲེན། སྨན་རྫས་བཟོ་སྐྲུན་སོགས་ལས་རིགས་དང་འབྲེལ་བ་ཡོད་པ་དང་། རིམ་རྩིས་ལྟར་སྤྱི་ཚོགས་འགན་བཅོལ་དངུལ་སྒོར་ཁྲི་5907.72འཇལ་རྒྱུ་ནར་འགྱངས་བྱས་པ་ལས། ཁེ་ལས་ཀྱི་ལས་བཟོའི་རྒན་གསོའི་འགན་བཅོལ་དངུལ་སྒོར་ཁྲི་5389.19དང་། ལས་རྨས་འགན་བཅོལ་དངུལ་སྒོར་ཁྲི་350.1 ལས་ཤོར་འགན་བཅོལ་དངུལ་སྒོར་ཁྲི་168.43བཅས་འཇལ་རྒྱུ་ནར་འགྱངས་བྱས་པ་རེད། 

    དྲ་ཐོག་ནས་ལས་མི་བསྡུ་བའི་ཐད། རིམས་ནད་ཐོན་རིང་དྲ་ཐོག་ནས་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་5སྒྲིག་འཛུགས་བྱས་ཏེ། མི་སྤྱོད་ཚན་པ་227གྱིས་ལས་གནས་3100ལྷག་ཙམ་མཁོ་འདོན་བྱས་པ་མ་ཟད། ད་དུང་དྲ་ཐོག་ནས་ལས་མི་བསྡུ་ཚད་མང་དུ་གཏོང་བ་དང་ཐད་གཏོང་ལས་གནས་མཁོ་འདོན་སོགས་ཀྱི་བྱེད་སྒོ་སྤེལ་ནས། རྒྱ་ཆེའི་ལས་ཀ་འཚོལ་མཁན་གྱི་ལས་ཞུགས་དགོས་མཁོ་བསྐངས་དང་སྐོང་མུས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།