ཆབ་མདོ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་གསལ་བསྒྲགས།
(2022ལོའི་ཡིག་ཨང་41པ)
2022ལོའི་ཟླ་9ཚེས་10ཉིན་གྱི་ཆུ་ཚོད་0ནས་ཆུ་ཚོད་24བར། ཆབ་མདོ་གྲོང་ཁྱེར་དུ་གཏན་འཁེལ་ནད་དཔེ་དང་རྟགས་མེད་ནད་དུག་འགོས་པ་ཐོན་མེད། ཟླ་9ཚེས་9ཉིན་གྱི་ཆུ་ཚོད་24བར། ཆབ་མདོ་གྲོང་ཁྱེར་དུ་རིམ་རྩིས་བྱས་ན་གཏན་འཁེལ་ནད་དཔེ་211དང་། (ལོགས་སུ་གསོ་རིག་གི་ལྟ་ཞིབ་བྱེད་རིང་ཐོན་པའི་ནད་ཐོག་སྨན་བཅོས་ཀྱི་ནད་རྟགས་ལ་གཞིགས་ནས་གནས་གཏན་འཁེལ་གྱི་ལོགས་དགར་སྨན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་བརྟག་དཔྱད་བྱས་པ་བརྒྱུད། དེའི་ནང་དེ་སྔའི་ནད་པ་32རྟགས་མེད་ནད་དུག་འགོས་པ་ནས་གཏན་འཁེལ་ནད་དཔེར་གཏན་འཁེལ་བྱས་པ)རྟགས་མེད་ནད་དུག་འགོས་པ་165དང་། ནད་གཞི་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་མཁན་218(གཏན་འཁེལ་ནད་དཔེ་126དང་རྟགས་མེད་ནད་དུག་འགོས་པ་92)ཡོད་པ་རེད།
རིམས་ནད་རིག་པའི་བརྟག་དཔྱད་དབྱེ་ཞིབ་ལ་གཞིགས་ན། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཞིབ་འཇུག་དང་བརྡར་ཤ་བཅད་པ་བརྒྱུད་གྲོང་ཁྱེར་ཡོངས་སུ་ཉེན་ཁ་ཆེ་འབྲིང་ཁུལ་མེད།
ཆབ་མདོ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།
2022ལོའི་ཟླ་9ཚེས་11ཉིན།