དབུ་ཤོག>ཆེད་སྒྲིག
  • སུན་ཁྲུན་ལན་གྱིས་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ནས་གཞི་ཁྱོན་རང་བཞིན་གྱི་རིམས་ནད་མི་ཐོན་པའི་མཐའ་ཚད་བརྟན་སྲུང་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-09-11

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། པར་གཞི་དགུ་པའི་སྔོན་འགོག་དང་ཚོད་འཛིན་ཇུས་གཞི་ལག་བསྟར་ནན་པོ་བཅས་བྱས་ཏེ། ཕྱི་ནས་མི་འགོ་བ་དང་། མི་སྣ་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་བྱེད་པ། གཙོ་གནད་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་འབུར་དུ་ཐོན་པ་བཅས་བྱེད་པ་དང་། སྔ་ཙམ་དང་སྔོན་འགོག་བྱེད་པར་གཞི་ཚུགས་ནས་སྔ་ཙམ་ཤེས་རྟོགས་དང་། མགྱོགས་མྱུར་ཐག་གཅོད། ཕྱིར་མཆེད་རྒྱུ་སྔོན་འགོག་བཅས་བྱས་ཏེ་གཞི་ཁྱོན་རང་བཞིན་གྱི་རིམས་ནད་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱེད་པ། “རིམས་ནད་སྔོན་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ”བཅས་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཡིན་པའི་ཤའོ་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    སུན་ཁྲུན་ལན་གྱིས། མིག་སྔར་ཕྱི་རྒྱལ་དུ་རིམས་ནད་མཆེད་མང་བའི་ཤུགས་རྐྱེན་ཕོག་ནས་རང་རྒྱལ་གྱི་ས་ཆ་མང་པོར་གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐོན་ཡོད་པས། བློ་ཐག་ཆོད་ལ་འཕྲལ་ཐག་ཆོད་པའི་བྱེད་ཐབས་སྤྱད་དེ་རིམས་ནད་གང་མགྱོགས་ཚོད་འཛིན་ཐུབ་པ་བྱེད་དགོས། ཕྱི་ནས་མི་འགོ་བ་བྱེད་པར་དམིགས་སུ་དམ་འཛིན་ཡག་པོ་བྱས་ཏེ། རྒྱལ་ཁོངས་སུ་འཛུལ་སའི་འགག་སྒོ་དང་། ལོགས་སུ་འཇོག་ས། དམིགས་འཛུགས་སྨན་ཁང་གི་མི་སྣ་བཅས་ཀྱི་གདུབ་ཟུམ་དོ་དམ་ནན་པོ་བྱས་ནས། ཕན་ཚུན་འགོས་ཁྱབ་དང་རིམས་ནད་ཕྱིར་མཆེད་རྒྱུ་ནན་འགོག་བྱེད་དགོས། མགྱོགས་མྱུར་དང་ལེན་དང་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་ཚོར་སྐྱེན་རང་བཞིན་ཆེ་རུ་གཏོང་བ་དང་འཕྲལ་སྡོམ་དང་ལེན་སྔོན་ཇུས་ཞིབ་ཕྲ་བཟོས་ནས་མགྱོགས་མྱུར་རིམས་ནད་མེད་པ་བཟོ་དགོས། ལོགས་སུ་འཇོག་ས་དང་སྒྲོམ་ཚང་སྨན་ཁང་སོགས་སྔོན་འགོག་དང་ཚོད་འཛིན་གྱི་ཐོན་ཁུངས་གྲབས་གསོག་ཡག་པོ་བྱས་ནས། སྔོན་འགོག་དང་ཚོད་འཛིན་སྲིད་ཇུས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་སྔོན་འགོག་དང་ཚོད་འཛིན་ནུས་པ་ཆེ་རུ་གཏོང་དགོས། འགྲུལ་བཞུད་མི་སྣ་དང་གཙོ་གནད་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ། མཐོ་སློབ་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སློབ་མའི་འཚོ་བ་དང་སློབ་སྦྱོང་ལ་སྤྱི་འདོམས་ཡག་པོ་བྱེད་དགོས། ཚན་རིག་དང་མཐུན་ལ་གནད་སྨིན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང“རིམ་པར་རིམ་སྣོན”དང“གཅིག་དཔེ་བརྒྱ་འགེབས”ལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ། རིམས་ནད་ལས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་ཚད་ཚད་མཐོ་ཤོས་ཀྱི་སྒོ་ནས་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།