དབུ་ཤོག>ཆེད་སྒྲིག
  • ལྷ་སའི་རྫོང་ཆུས་3ལ་ཐོན་སྐྱེད་དང་འཚོ་བ་རིམ་བཞིན་སླར་གསོ་ཐུབ་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-10

    ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་མོད། འོན་ཀྱང་མིག་སྔའི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད“གོམ་སྟབས་གསུམ”གྱི་བྱ་སྤྱོད་ལས། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)དྲུག་གི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་ཐུབ་པ་དང་། ཟླ་9ཚེས་5ཉིན་གྱི་ཆུ་ཚོད་0ནས་སྟག་རྩེ་ཆུས་དང་། ལྷུན་གྲུབ་རྫོང་། ཆུ་ཤུར་རྫོང་། འདམ་གཞུང་རྫོང་། སྙེ་མོ་རྫོང་། མལ་གྲོ་གུང་དཀར་རྫོང་བཅས་ཀྱི་ཉེན་ཁ་ཆུང་བའི་གྲོང་ཚོ(སྡེ་ཁུལ)ཚང་མར་གོ་རིམ་ལྡན་པའི་ངང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱས་པ་རེད། 

    སྟག་རྩེ་ཆུས། 

    འཚོ་བ་རིམ་བཞིན་སླར་གསོ་བྱུང་ནས་གོ་རིམ་དང་ལྡན་པ། 

    ཟླ་9ཚེས་5ཉིན་གྱི་ཆུ་ཚོད་0ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་པ་དང་། མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁེ་ལས་དང་སྨན་རྫས་ཚོང་ཁང་ཁག་གཅིག་རིམ་བཞིན་ལས་འགོ་ཚུགས་པ་རེད། 

    དབྱི་ཤིན་ཐང་སྨན་རྫས་ཚོང་ཁང་ཆེན་པོར། གསར་འགོད་པས་མང་ཚོགས་ཁག་གཅིག་གིས་ཁ་རས་བརྒྱབ་ནས་རང་འགུལ་ངང་བཤེར་རྟགས་བཤེར་བ་དང་། ཚ་བ་ལྟ་བ། གོ་རིམ་ལྡན་པའི་ངང་བང་བསྒྲིགས་ནས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་མི་ཉུང་དུས་རང་ཉིད་ལ་མཁོ་བའི་སྨན་རྫས་ཉོ་བ་མཐོང་བྱུང་། 

    1.png

        ལྷ་ས་ནས་ལྷོ་ཁ་བར་གྱི་གཞུང་ལམ་S5རུ་ཨར་པོ་རྒྱག་མཁན་ཚོས་འགོག་སྲུང་ཡག་པོ་བྱེད་པ་དང་ཆབས་ཅིག གཞུང་ལམ་S5སྐྲུན་ཚད་མགྱོགས་སུ་གཏོང་ཆེད་བྲེལ་བརྩོན་ཆེ་ཞིང་གོ་རིམ་ལྡན་པའི་ངང་ཨར་པོ་རྒྱག་བཞིན་འདུག 

    2.gif

    ཆུ་ཤུར་རྫོང་། 

    རིམ་བཞིན་འཚོ་བ་སླར་གསོ་བྱུང་བ།

    ཆུ་ཤུར་རྫོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག   གཙོ་གནད་དབྱེ་བ་དང་ཁག་བགོ་བའི་རྣམ་པར་བརྟེན་ནས་བཀག་སྡོམ་གློད་དེ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཚོང་ཁང་དང་སྨན་རྫས་ཚོང་ཁང་སོགས་སྔོན་ལ་ལས་གཉེར་བྱེད་འགོ་ཚུགས་པ་རེད། 

    རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་འགོག་གི་གྲུབ་འབྲས་བརྟན་དུ་གཏོང་ཆེད། ཆུ་ཤུར་རྫོང་གིས་ཁྲོམ་ར་ཁག་གི་ཚོང་པར་འགྲོ་འོང་བྱེད་སའི་ལམ་བུ་དབྱེ་བ་དང་ལས་གཉེར་བྱ་ཡུལ་གྱི་བཤེར་རྟགས་སྦྱར་ཏེ་མི་སྣ་ཁག་བགོས་དང་འཛུལ་སར་དམ་བསྒྲགས་ཡག་པོ་བྱེད་དགོས་པ་དང་། སྤྱི་པའི་ས་ཁོངས་སུ་རྒྱུན་དུ་རླུང་འགྲོ་ཡག་པོ་ཡོང་བ་དང་དུག་སེལ་གཙང་སྦྲ་བྱས་ནས་མཁའ་རླུང་སོས་པ་འཁོར་རྒྱུག་ཡོང་བར་བྱེད་དགོས་པ། ཚོང་ཁང་དུ་འཛུལ་མཁན་ཚོས་ཚོང་ཁང་གི་བཤེར་རྟགས་བཤེར་བ་དང་། ཁ་རས་རྒྱག་པ། ཚ་བ་ལྟ་བ། བདེ་ཐང་བཤེར་རྟགས་སྟོན་པ་བཅས་བྱེད་དགོས་པ། འཛད་སྤྱོད་པས་གཏོང་སྤྲོད་འབོ་དང་སྐད་འཕྲིན་སོགས་ནས་ཐུག་རེག་མེད་པའི་དངུལ་སྤྲོད་སྟངས་དར་སྤེལ་གཏོང་དགོས་པ། གད་སྙིགས་ཉིན་ལྟར་གཙང་སེལ་བྱེད་དགོས་པ། བཟའ་བཏུང་ལས་རིགས་ཀྱིས་གནས་སྐབས་ཟ་ཁང་དུ་བཟའ་བཏུང་བྱེད་མཚམས་བཞག་ནས་ཟས་རིགས་དང་བཏུང་བྱ་ཟ་ཁང་ནས་ལེན་པ་དང་སྐྱེལ་བའི་ཞབས་འདེགས་ཞུ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། ཁྲོམ་ར་ཁག་གི་ཚོང་པར་ཚ་བ་37.3℃ཡན་བརྒྱབ་པ་དང་། བོད་ལྗོངས་ཤར་བགྲོད་ཀྱི་བཤེར་རྟགས་དམར་པོ་དང་སེར་པོ་ཡིན་པ། དེ་བཞིན་གདོད་འགོག་བརྟག་དཔྱད་དང་ཉིང་སྐྱུར་བརྟག་དཔྱད་འབྲས་བུ་རྒྱུན་གཏན་མིན་པ་སོགས་ཀྱི་གནས་ཚུལ་ཤེས་ཚེ། འཕྲལ་མར་ལོགས་སུ་འཇོག་དགོས་པ་དང་དུས་མཚུངས་རྫོང་སྔོན་འགོག་ཚོད་འཛིན་གཞུང་ལས་ཁང་ལ་སྙན་སེང་ཞུ་དགོས། 

    འདམ་གཞུང་རྫོང་།

    ཐོན་སྐྱེད་སླར་གསོ་དང་ལས་འགོ་ཡང་བསྐྱར་ཚུགས་ནས་འབྲོག་ལས་ལ་འཐུས་ཤོར་མི་ཡོང་བ་བྱེད་པ།

    ཟླ་9ཚེས་5ཉིན་གྱི་ཆུ་ཚོད་0ནས། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་ཤིང་། འབྲོག་ལས་གཙོ་བོ་ཡིན་པའི་འདམ་གཞུང་རྫོང་གི་ཕྱུགས་རིགས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་རིམ་བཞིན་སྤེལ་འགོ་ཚུགས་ཡོད། 

    རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་མཚམས་སུ། ཤང་ཞིང་འབྲོག་ཕྱོགས་བསྡུས་ཞབས་འདེགས་ལྟེ་གནས་ཀྱི་ལས་དོན་མི་སྣས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས“སྒོ་རྩར་ཞབས་འདེགས་ཞུ་བ”མཐའ་འཁྱོངས་ཀྱིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག“དུད་ཚང་ཚང་མའི་ཕྱུགས་རིགས་མི་ལུས་པ་དང་ཕྱུགས་རིགས་ཚང་མར་རིམས་འགོག་སྨན་ཁབ་རྒྱག་པའི”རྩ་དོན་ལྟར་གྲོང་ཚོ་དང་དུད་ཚང་དུ་རིམས་འགོག་སྨན་ཁབ་རྒྱག་པར་བསྐྱོད་ཅིང་། ཕྱོགས་གཅིག་ནས་ཞིབ་བཤེར་དང་ཐོ་འགོད་བྱེད་ཀྱིན། ཕྱོགས་གཞན་ཞིག་ནས་དྲིལ་བསྒྲགས་བྱས་ཏེ་ཕྱུགས་ཟོག་ལ་རིམས་ནད་མི་འགོ་བ་དང་མི་མཆེད་པ་གང་ཐུབ་བྱས་ཏེ་ཤང་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད།  

    བཀག་སྡོམ་གློད་ཀྱང་འགོག་ཟོན་ལྷོད་དུ་མི་གཏོང་བ་དང་བཀག་སྡོམ་ལྷོད་དུ་བཏང་ཡང་ལྷོད་གཡེང་སྤུ་ཙམ་བྱ་མི་རུང་། ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་འགག་རྩའི་དུས་སྐབས་སུ་སླེབས་པས། མཐའ་འཁྱོངས་བྱས་ན་རྒྱལ་ཁ་ངེས་པར་འཐོབ་པར་ངེས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།