
ཉིན་ཤས་རིང་། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་རིམས་ནད་ཀྱི་བཀག་སྡོམ་དང་ཆར་ཆུ་འབེལ་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ནས་ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་དང་བརྔ་བསྡུ་ལས་དོན་རུ་ཁག་སྒྲིག་འཛུགས་ཀྱིས་ཞིང་ལས་ལ་དམ་འཛིན་བྱས་ཏེ་སྟོན་བསྡུ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གཉིས་ཀར་འཐུས་ཤོར་མི་ཡོང་བ་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9ཚེས་5ཉིན་བར་རྫོང་དེ་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་རྒྱ་ཁྱོན་མུའུ་ཁྲི་9ལྷག་ཙམ་ཟིན་ཡོད་པ་རེད།
འདི་ནི་བོད་ལྗོངས་ལྷུན་གྲུབ་རྫོང་དཔལ་གླིང་ཤང་འདམ་བཅས་གྲོང་ཚོའི་ཡུལ་གྲོང་ཚོགས་ཆུང་གི་གྲོང་མིས་བརྔ་བསྡུ་བྱས་པའི་གྲོ་ལ་ཞིབ་བཤེར་བྱེད་བཞིན་པ།