དབུ་ཤོག>ཆེད་སྒྲིག
  • ཀོ་ནའེ་ཞུང་གིས་སྒྲོམ་ཚང་སྨན་ཁང་དང་ལོགས་དགར་ཁུལ་གྱི་བཟའ་བཅའི་བདེ་འཇགས་དང་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་འགན་ལེན་ཇི་ལྟར་བྱེད་དགོས་པའི་གནད་དོན་ལ་འགྲེལ་བཤད་ཞིབ་ཕྲ་བསྐྱོན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-08

    ཁ་ས། རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སུམ་ཅུ་པའི་ཐོག བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀོ་ནའེ་ཞུང་གིས། སྒྲོམ་ཚང་སྨན་ཁང་དང་ལོགས་དགར་ཁུལ་གྱི་བཟའ་བཅའི་བདེ་འཇགས་དང་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་འགན་ལེན་ཇི་ལྟར་བྱེད་དགོས་པའི་གནད་དོན་ལ་འགྲེལ་བཤད་ཞིབ་ཕྲ་བསྐྱོན་པ་རེད། 

    微信图片_20220908190249.jpg

    ཀོ་ནའེ་ཞུང་གིས་ངོ་སྤྲོད་གནང་དོན། བཟའ་བཅའི་བདེ་འཇགས་ཀྱི་འགན་ལེན་ཐད། འབྲེལ་ཡོད་བཟའ་བཅའ་མཁོ་འདོན་ཚན་པས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས“འགག་སྒོ་ལྔ”ནན་པོ་བསྲུངས་ཏེ། ལོགས་དགར་ཁུལ་དུ་མཁོ་འདོན་བྱེད་པའི་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ། མི་སྣའི་བདེ་ཐང་གི་འགག་སྒོ་ནན་པོ་བསྲུངས་ནས། ལས་གཉེར་བས་ངེས་པར་དུ་བརྒྱུད་རིམ་ཧྲིལ་པོར་ཁ་རས་རྒྱག་དགོས་པ་དང་།  བདེ་ཐང་ལག་ཁྱེར་དགོས་པ། དུས་བཀག་ལྟར་ཉིང་སྐྱུར་བརྟག་དཔྱད་བཅས་བྱས་ཚེ་གཞི་ནས་ལས་གནས་སུ་བསྐྱོད་ཆོག ཉོས་པའི་ཚོང་ཟོག་ལ་དཔྱད་བཤེར་གྱི་འགག་སྒོ་ནན་པོ་བསྲུངས་ནས། ཉོས་པའི་ཚོང་ཟོག་ལ་དཔྱད་བཤེར་དང་། ལག་ཁྱེར་དང་སྤ་སེ་བཤེར་བའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། སྤུས་ཞན་དང་རུལ་ཞན་གྱི་རྒྱུ་ཆ་སྤྱད་དེ་བཟའ་བཅའ་ལས་སྣོན་བྱེད་པ་གཏན་འགོག་བྱེད་དགོས། བཟའ་བཅའ་ལས་སྣོན་དང་བཟོ་བའི་འགག་སྒོ་ནན་པོ་བསྲུངས་ནས། ལྟོ་ཆས་མཁོ་སྤྲོད་ཚན་པར་ཟས་རྗེན་པ་དང་བཙོས་མ་དབྱེ་བ་འབྱེད་པ་དང་། དམར་ཟས་དང་དཀར་ཟས་ལོགས་སུ་འཁྲུད་པ། ཁ་ལག་བཟོ་སྐབས་འཚོས་པོ་བཙོ་བ་བཅས་བྱེད་དགོས། གཙང་འཁྲུད་དང་དུག་སེལ་གྱི་འགག་སྒོ་ནན་པོ་བསྲུངས་ནས། བཟའ་བཅའ་མཁོ་འདོན་ཚན་པར་བཟའ་བཅའ་ལས་སྣོན་གྱི་ཡོ་ཆས་དང་ལྟོ་སྣོད་ལ་ཕྱོགས་ཡོངས་ནས་དུག་སེལ་བྱས་ཏེ། སྤྱོད་གཅིག་མའི་ལྟོ་སྣོད་སྤྱོད་པར་སྐུལ་འདེད་གཏོང་དགོས། ལྟོ་ཆས་སྐྱེལ་བའི་བདེ་འཇགས་ཀྱི་འགག་སྒོ་ནན་པོ་བསྲུངས་ནས། ལྟོ་སྣོད་ཀྱི་ཁ་གཏུམ་དགོས་པ་མ་ཟད། ཆེད་མིས་དུས་མཚམས་དབྱེ་བ་དང་ཁག་བགོས་ཏེ“ལྟོ་ཆས་ཁང་པའི་ནང་དུ་སྡོད་མཁན་ལ་སྐྱེལ་ཐུབ་པར”བྱས་ཏེ་རིམས་ནད་ཕན་ཚུན་མི་འགོ་བ་བྱེད་དགོས།  མིག་སྔའི་བར་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་སྒྲོམ་ཚང་སྨན་ཁང་དང་སྨན་བཅོས་སྨན་ཁང་སོགས་ལོགས་དགར་ཁུལ་ཁྱོན་750ལྷག་ཙམ་ལ་ཞིབ་བཤེར་བྱས་ནས། ཤེས་རྟོགས་བྱུང་བའི་བདེ་འཇགས་གནད་དོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བཅོས་སྒྲིག་བྱས་པ་རེད། བརྟག་དཔྱད་བྱེད་མཁན་མི་ཐེངས་1150ལྷག་ཙམ་བཏང་ནས་ལོགས་དགར་ཁུལ་གྱི་བཟའ་བཅར་བརྟག་དཔྱད་ཐེངས་4560བྱས་པ་རེད།

    “དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་འགན་ལེན་ཐད། ‘བདེ་འཇགས་ཨང་དང་པོར་འཇོག་པ་དང་། འཁོར་སྐྱོད་འགན་ལེན། མངོན་མེད་རྐྱེན་ངན་སེལ་བ’བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། རང་སར་ཞིབ་བཤེར་དང་བརྙན་ལམ་རྒྱང་བསྟེན་གྱི་ལྟ་འདོམས་སོགས་ཀྱི་ཐབས་ལམ་སྤྱད་དེ་ཕྱོགས་ཡོངས་ནས་ལོགས་དགར་ཁུལ་གྱི་གློག་སྐས་ལ་བདེ་འཇགས་ཞིབ་བཤེར་དང་། ཉམས་བཟོ་བདག་སྐྱོང་ཀུང་སི་དང་བེད་སྤྱོད་ཚན་པས་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་ཏེ། སྒྲིག་ཆས་ཀྱི་རྒྱུན་གཏན་ཉམས་བཟོ་བདག་སྐྱོང་ལ་ཤུགས་སྣོན་དང་། དུས་ཐོག་ཏུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་ནས་སྐྱོན་ཅན་གྱི་སྒྲིག་ཆས་བེད་སྤྱོད་གཏན་འགོག་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད། ཞིབ་བཤེར་གྱི་དུས་བཀག་ཐིམ་རུང་ཞིབ་བཤེར་མ་བྱས་པའི་སྒྲིག་ཆས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་འོག་མུ་མཐུད་བེད་སྤྱོད་བྱ་ཆོག”ཅེས་ཀོ་ནའེ་ཞུང་གིས་གསུངས་པ་རེད།  

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།