དབུ་ཤོག>ཆེད་སྒྲིག
  • ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཕེབས་ཏེ་གཞི་རིམ་གྱི་འཐབ་ས་དང་པོའི་རིམས་འགོག་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-08

    ཚེས་6ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཕེབས་ཏེ། གཞི་རིམ་གྱི་འཐབ་ས་དང་པོའི་རིམས་འགོག་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་ཀྱང་གནང་བ་རེད། 

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཡིད་ཆེས་བརྟན་དུ་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གཡོ་འགུལ་སྤུ་ཙམ་ཡང་མེད་པར“རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག”གི་སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་དང་། བསམ་བློ་དང་བྱ་སྤྱོད་གཅིག་གྱུར། རྒྱལ་ཁ་འཐོབ་ངེས་ཀྱི་ཡིད་ཆེས་བརྟན་གཏོང་། དམག་རྒྱག་ཕོད་པ་དང་འཐབ་ཕོད་པ། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཧུར་ཐག་ལེན་དགོས། 

    1.jpg

    ཝང་ཅུན་ཀྲེང་སྟོད་ལུང་བདེ་ཆེན་གྱི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་གནས་པའི་སྒྲོམ་ཚང་སྨན་ཁང་དུ་ཕེབས་ནས། ནད་པའི་སྨན་བཅོས་དང་འཚོ་བའི་གནས་ཚུལ་ལ་མཁྱེན་རྟོགས་དང་བོད་སྐྱོར་སྨན་བཅོས་རུ་ཁག་དང་འཐབ་ས་དང་པོའི་ལས་དོན་མི་སྣར་འཚམས་འདྲི་གནང་བཞིན་པ། 

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཁག་ལ་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བཏོན་ཏེ། ལེབ་སྙོམས་ཅན་གྱི་དོ་དམ་ལག་བསྟར་དང་ལས་ཕྱོད་ཆེ་བའི་མཐུན་སྦྱོར་འཁོར་སྐྱོད་བྱས་ནས་བཀོད་འདོམས་སྲ་བརྟན་དང་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས། “ཕྱོགས་བཞིའི་འགན་འཁྲི”ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཆད་ལུས་མེད་པར་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཚོས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བཏོན་ཏེ། སྡེ་ཁུལ་དུ་སྐྱོད་པ་དང་འཐབ་ས་དང་པོར་འབད་འཐབ་ཀྱིས“སྔོན་འགོག”གྱི་ལས་དོན་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་ཀྱི་ངང་བསྒྲུབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བའི་ཚགས་དམ་དུ་གཏོང་དགོས། 

    2.jpg

    ཝང་ཅུན་ཀྲེང་གིས་ལིང་ཧྥེང་ཟོག་འགྲེམས་གླིང་ལྷ་ས་ས་གཙང་ཀུང་སིའི་རྒྱལ་སྒོའི་འགྲམ་དུ་ཀུང་སིའི་འགན་འཁུར་བ་དང་འགན་གཙང་འགན་ལེན་གྱི་ལས་བྱེད་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས། དངོས་ཟོག་མཁོ་སྤྲོད་འགན་ལེན་དང་ཟོག་འགྲེམས་སྡེབ་སྐྱེལ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ། 

    3.jpg

    ལིང་ཧྥེང་ཟོག་འགྲེམས་གླིང་ལྷ་ས་ས་གཙང་ཀུང་སིའི་ཟོག་འགྲེམས་མཁོ་སྤྲོད་ལྟེ་གནས། 

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམ་པ་དོན་གཉེར་གྱི་སྒོ་ནས་རིམས་འགོག་བྱ་ཐབས་དོན་འཁྱོལ་བྱེད་པར་དམ་འཛིན་ནན་པོ་བྱེད་དགོས། ཚན་རིག་ལ་སྣང་ཆེན་དང་ཆོས་ཉིད་ལ་སྣང་ཆེན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་དང་ལས་ཀའི་དོན་དངོས་ལ་གཞིགས་ཏེ། སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཇུས་དུས་ཐོག་དང་སྐབས་བསྟུན་ལེགས་སྒྲིག་བྱས་ནས་ཚན་རིག་དང་མཐུན་ཞིང་གནད་ལ་སྨིན་པ་དང་། དམ་པ་དོན་གཉེར། ལས་ཕྱོད་ཆེ་བའི་སྒོ་ནས་ཁ་གཏད་གཅོག་པ་བཅས་ཐུབ་པར་བྱེད་དགོས། འཆར་གཞིར་གཞིགས་ནས་ལས་དོན་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཐོག་གི་གཙང་བཟོ་དང་གཙོ་གནད་འགག་སྒྲོལ་དང་། སྔར་ལས་ལྷག་པའི་སྒོ་ནས་གཙོ་གནད་ལ་དམ་འཛིན་དང་དཀའ་གནད་སེལ་བ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འགག་སྒྲོལ་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་དགོས། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནས་སྐབས་ལྟ་ཞིབ་བྱ་ཡུལ་སྐྲུན་པར་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། གཙོ་གནད་ཁུལ་དང་འགག་རྩའི་ལྷུ་ཚིགས་ལ་གཙོ་གནད་དུག་སེལ་བྱེད་པ། སྒྱུར་སྐྱེལ་ལས་དོན་མགྱོགས་མྱུར་དང་ཚད་ལྡན་ངང་ཡག་པོ་སྒྲུབ་པ། སྒྲོམ་ཚང་སྨན་ཁང་གི་འཁོར་སྐྱོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། ལས་ཀའི་སྐྱོན་ཆ་དུས་ཐོག་ཏུ་སེལ་བ། ཉེན་ཁའི་མངོན་མེད་རྐྱེན་ངན་སེལ་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རིམས་ནད་ཚོད་འཛིན་ཐུབ་པ་དང་ནད་དུག་རྩ་མེད་གཏོང་ཐུབ་པར་བྱེད་དགོས། སྤྱི་ཚོགས་ཐོག་གི་དོ་དམ་ཚོད་འཛིན་བྱ་ཐབས་ཞིབ་ཚགས་སུ་བཏང་སྟེ་བཀག་སྡོམ་ཁུལ་དང་། ལྟ་འདོམས་ཁུལ། འགོག་ཟོན་ཁུལ་བཅས་ཀྱི་དོ་དམ་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། གནས་ཚུལ་གྱི་འགྱུར་ལྡོག་ལ་གཞིགས་ཏེ་དུས་ཐོག་ཏུ་སྐབས་བསྟུན་ལེགས་སྒྲིག་བྱེད་པ། བཀག་རྒྱ་གློད་དགོས་རིགས་ཚང་མ་གློད་པ་དང་བཀག་སྡོམ་བྱེད་དགོས་རིགས་ཚང་མ་བཀག་སྡོམ་བྱེད་པ། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་བཀག་སྡོམ་ལྷུག་ཏུ་གཏོང་བ། བཀག་རྒྱ་གློད་ཀྱང་སྔོན་འགོག་བྱེད་མཚམས་མི་འཇོག་པ་བཅས་བྱས་ནས་རིམས་འགོག་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ཀྱི་ཕྱོགས་ཁག་གི་སྟོབས་ཤུགས་དེར་ཧུར་ཐག་ཞུགས་པར་སྐུལ་སློང་གང་ལེགས་བྱས་ཏེ་ཁུལ་ཁོངས་གཙང་སེལ་ཐུབ་རིམ་བཞིན་སྲ་བརྟན་དུ་གཏོང་བ་དང་། “རིམས་ནད་མེད་པའི་ཁུལ་ཆུང”འཛུགས་གཏོད་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ནས་རིམས་འགོག་གི་གཡུལ་ས་བརྟན་སྲུང་གིས་གྲུབ་འབྲས་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་དགོས། 

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ཞབས་འདེགས་འགན་ལེན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མཚོན་པར་བྱེད་པའི་རྡོ་ཀ་ཤུ་ཁ་དང་བརྡར་རྡོ་ལྟ་བུར་བརྩིས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དོན་ཆེན་ཨང་དང་པོ་འདིར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་ལ། མང་ཚོགས་ཉེ་འགྲམ་གྱི་དོན་དག་ཆུང་ཙག་ལ་དེ་བས་སེམས་ཁུར་དང་དོ་ཁུར་བྱས་ཏེ་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་སྡོད་སར་གཞན་འཇོག་མཁས་པོ་བྱེད་པ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་ཧུར་ཐག་བྱེད་པ། འཚོ་བའི་ཞབས་འདེགས་དང་། དངོས་ཟོག་སྡེབ་སྐྱེལ། བསམ་བློའི་སློབ་གསོ། སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་ཏན་ཏིག་ནུས་ལྡན་སྒྲུབ་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལས་ཀའི་གྲུབ་འབྲས་དངོས་ལ་བརྟེན་ནས་མི་དམངས་ཀྱི་རེ་སྒུག་ལ་ལན་སློག་པ་དང་རང་དོན་རྒྱབ་སྐྱུར་གྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ས་མཐོའི་ས་གཞི་ཆེན་པོའི་བདེ་ཐང་དང་བདེ་འཇགས་སྲུང་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།