དབུ་ཤོག>ཆེད་སྒྲིག
  • ཉིང་ཁྲིའི་སྨན་དོན་མི་སྣ100ལྷ་ས་དང་གཞིས་རྩེར་རོགས་སྐྱོར་ལ་ཐོན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-07

    ཟླ་9ཚེས་6ཉིན། ཉིང་ཁྲི་གྲོང་ཁྱེར་གྱི་སྨན་དོན་མི་སྣ་100ལས་གྲུབ་པའི་རིམས་འགོག་རོགས་སྐྱོར་སྨན་བཅོས་རུ་ཁག་ཛ་དྲག་ངང་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་ལ་རོགས་སྐྱོར་བྱེད་པར་ཐོན་པ་རེད། 

    1.jpg

    ཚེས་6ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དང་པོ་དང་ཕྱེད་ཀར། བཀའ་ཕབ་པ་དང་ཆབས་ཅིག་སྨན་བཅོས་རུ་ཁག་གི་རུ་མི་རྣམས་གོ་རིམ་ལྡན་པའི་ངང་རླངས་འཁོར་ལ་བསྡད་དེ་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་རོགས་སྐྱོར་བྱེད་པར་བསྐྱོད་པ་རེད། 

    2.jpg

    3.jpg

    ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དང་། ཉིང་ཁྲི་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་། བྲག་ཡིབ་ཆུས་མི་དམངས་སྨན་ཁང་། རྫ་ཡུལ་རྫོང་མི་དམངས་སྨན་ཁང་། སྣང་རྫོང་མི་དམངས་སྨན་ཁང་། ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྨན་ཁང་། སྤོ་བོ་རྫོང་མི་དམངས་སྨན་ཁང་དེ་བཞིན་གྲོང་ཁྱེར་ཐད་གཏོགས་དམངས་གཉེར་སྨན་ཁང་5ཡིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་ཆབ་སྲིད་ཀྱི་བསམ་བློའི་བྱང་ཚད་མཐོ་བ་དང་། གཟུགས་གཞི་ཐང་བ། ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ཀྱི་རྐང་འཛིན་མི་སྣ་མགྱོགས་མྱུར་བདམས་ནས་དུས་ཡུན་ཐུང་ཤོས་ནང་སྨན་བཅོས་དང་། ནད་སྐྱོང་། སྨན་ཁང་གི་འགོ་ནད་དོ་དམ་སོགས་ཚུད་པའི་མི་100ཡི་རིམས་འགོག་སྨན་བཅོས་རུ་ཁག་ཅིག་བཙུགས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རོགས་སྐྱོར་ལས་དོན་ལ་ཞུགས་པ་རེད། 

    4.jpg

    སྨན་བཅོས་རུ་ཁག་གི་ཁོངས་མི་ཚོས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བར་རང་ཉིད་སྲུང་སྐྱོང་ཡག་པོ་བྱེད་པ་དང་དུས་མཚུངས་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱི་མི་དམངས་དང་ཕྱར་བ་གྲུ་འདེགས་དང་། ཕན་ཚུན་རོགས་རེས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། དུས་ངལ་མཉམ་སེལ་བཅས་བྱས་ཏེ་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།