དབུ་ཤོག>ཆེད་སྒྲིག
  • ལྷ་ས་དང་། གཞིས་རྩེ། ནག་ཆུ་བཅས་སུ་སྨན་པ་བསྟེན་ས་དང་སྨན་ཉོ་སྟངས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-07

    རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ནད་གཞི་ཇི་ལྟར་བསྟེན་དགོས་སམ། ཁྱིམ་དུ་སྨན་མེད་ན་ཇི་ལྟར་ཉོ་དགོས་སམ། སེམས་ཁྲལ་མ་གནང་། རྩོམ་སྒྲིག་པས་ཚང་མར་ལྷ་ས་དང་། གཞིས་རྩེ། ནག་ཆུ་བཅས་ཀྱི་སྨན་ཉོ་ས་དང་སྨན་པ་བསྟེན་སའི་འབྲེལ་ཡོད་ཆ་འཕྲིན་ཆེད་མངགས་བསྡུ་རུབ་བྱས་ཡོད་པས་མགྱོགས་པོ་ཉར་ཚགས་གནང་དང་། 

    ལྷ་ས། 

    ལྷ་སར་གཤམ་གྱི་སྨན་རྫས་ཚོང་ཁང་13ནས་སྨན་ཉོ་ཐུབ་ཀྱི་འདུག

    11.png

    22.png

    33.png

    རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བོད་ལྗོངས་ལས་དོན་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་དཔྱད་དཔོག་བྱས་པ་བརྒྱུད། བོད་ལྗོངས་ཧྥུའུ་ཁང་སྨན་ཁང(བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནོར་བུ་གླིང་ག་ལམ་སྒོ་རྟགས་20པར་གནས་པའི་བུད་མེད་དང་བྱིས་པའི་སྨན་ཁང་ཁུལ)ལྷ་ས་གྲོང་ཁྱེར་བུད་མེད་དང་བྱིས་པའི“བདེ་ཐང་བཤེར་རྟགས་དམར་པོའི”སྨན་ཁང་དུ་གཏན་འཁེལ་བྱས་ནས་ཉེན་ཁ་ཆེ་འབྲིང་གི་ཁུལ་དང་། ལོགས་འགར་ཁུལ། ཐད་འབྲེལ་པ་དང་བརྒྱུད་འབྲེལ་བ་བཅས་ཀྱི་སྨན་ཁང་དུ་ཞག་སྡོད་བྱེད་པའི་བུད་མེད་དང་བྱིས་པ་ཉར་བཅོས་བྱེད་རྒྱུ་རེད། 

    མིག་སྔར་བུད་མེད་དང་བྱིས་པའི་སྨན་ཁང་ཁུལ་གྱི་བུ་བཙའི་ཚན་ཁག་དང་། བྱིས་པའི་ཚན་ཁག  བུད་མེད་ཚན་ཁག་བཅས་ཀྱི་སྒོ་བསྟེན་སྨན་ཁང་དཀྱུས་མ་གནས་སྐབས་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གི་སྨན་ཁང་ཁུལ་དང་པོར་སྤོས་ཡོད་པ་རེད།

    གཞིས་རྩེ།

    དང་པོ། གྲོང་ཁུལ་གྱི་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་ཁག་དང་དེའི་བྱེད་ནུས།

    1.གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང(ཁུལ་གསར་པ) སྨན་བཅོས་ཞབས་ཞུའི་ཁྱབ་ཁོངས་ལྟར་རྒྱུན་གཏན་གྱི་སྨན་བཅོས་ཞབས་འདེགས་ཞུ་ཡི་ཡོད། (བསམ་གྲུབ་རྩེ་ཆུས་ཏ་ཆིང་ལམ་སྒོ་རྟགས་དང་པོ། འབྲེལ་གཏུག་ཁ་པར། 13618925913;19958021898)

    2.གཞིས་རྩེ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་། སྦྲུམ་མར་རྒྱུན་གཏན་གྱི་སྨན་བཅོས་བདེ་སྲུང་ཞབས་འདེགས་ཞུ་ཡི་ཡོད། (བསམ་གྲུབ་རྩེ་ཆུས་ཧེ་ལུང་ཅང་ལྷོ་ལམ། འབྲེལ་གཏུག་ཁ་པར། 13889026328;0892—8822269)

    3.བསམ་གྲུབ་རྩེ་ཆུས་ལྟེ་བའི་སྨན་ཁང་། (བདེ་ཐང་བཤེར་རྟགས་སེར་པོའི་སྨན་ཁང) ཉེན་ཁ་ཆེ་འབྲིང་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིབ་ཡིན་པའི་ནད་པ་མ་གཏོགས་སྨན་བཅོས་བྱེད་ཀྱི་མེད། (བསམ་གྲུབ་རྩེ་ཆུས་ཧེ་ལུང་ཅང་ལྷོ་ལམ་སྒོ་རྟགས་70པ། འབྲེལ་གཏུག་ཁ་པར། 13648927855;15208000761)

    4.གཞིས་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ཀྱི་དམིགས་འཛུགས་སྐྱོབ་བཅོས་རྟེན་གཞི(དེ་སྔའི་གྲོང་ཁྱེར་མི་དམངས་སྨན་ཁང་གི་གནས་ཡུལ་རྙིང་པ) གཙོ་བོ་ནད་ཚབས་ཡང་བ་དང་། ནད་ཚབས་ལྕི་བ། སྲོག་ཉེན་ཡོད་པའི་ཏོག་གསར་གློ་ཚད་ཕོག་པའི་ནད་པར་སྨན་བཅོས་བྱེད་ཀྱི་ཡོད།

    (བསམ་གྲུབ་རྩེ་ཆུས་ཧྲང་ཧའེ་དཀྱིལ་ལམ་སྒོ་རྟགས་28པ། འབྲེལ་གཏུག་ཁ་པར། 17784591248)

    5.གཞིས་རྩེ་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་། གཙོ་བོ་ནད་རྟགས་མེད་པ་དང་ནད་རྟགས་ཡང་བའི་ཏོག་གསར་གློ་ཚད་ཕོག་མཁན་སྨན་བཅོས་བྱེད་ཀྱི་ཡོད།(བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་ལས་འགྲོ་གྲོང་ཚོ། འབྲེལ་གཏུག་ཁ་པར།13659567298)

    6.གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་། སྨན་ཁང་གི་སྒྲིག་ཆས་ཆ་ཚང་ཡུལ་གཞན་ལ་དབོར་རྗེས་དམིགས་བཙུགས་སྐྱོབ་བཅོས་རྟེན་གཞིའི་གྲབས་སྤྱོད་སྨན་ཁང་བྱེད་ཀྱི་ཡོད། (བསམ་གྲུབ་རྩེ་ཆུས་ཧྲང་ཧའེ་ལམ་སྒོ་རྟགས་3པ། འབྲེལ་གཏུག་ཁ་པར། 17390077578)

    གསལ་འགྲེལ། གྲོང་ཁུལ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་བཙུགས་མེད་པའི་སྨན་བཅོས་སྒྲིག་གཞིས་ཚ་རྒྱས་ནད་པར་སྨན་བཅོས་བྱ་མི་ཆོག

    གཉིས། སྨན་ཉོ་སྟངས།

    དང་པོ། མངགས་ཉོ་བྱེད་སྟངས།

    གོམ་སྟབས་དང་པོ། གྲོང་མིས་ཁ་པར་ནས་གཤམ་གྱི་སྨན་རྫས་ཚོང་ཁང(སྨན་བཅོས་ཁང)ལ་རང་ཉིད་ལ་མཁོ་བའི་སྨན་རྫས་ཡོད་མེད་བློ་འདྲི་གཏན་འཁེལ་བྱེད་དགོས།

    གོམ་སྟབས་གཉིས་པ། སྨན་རྫས་ཚོང་ཁང(སྨན་བཅོས་ཁང)གཏན་འཁེལ་རྗེས། ཅིང་ཡུན་ཀུང་སིའི“ཀྲི་ཀྲའོ་གྲོང་གཅིག”སྐད་འཕྲིན་མཉེན་ཆས་ཆུང་གྲས་བརྒྱུད་སྨན་རྫས་ཀྱི་མིང་དང་། གྲངས་འབོར། སྨན་རྫས་ཚོང་ཁང(སྨན་བཅོས་ཁང)བཅས་ཀྱི་ཆ་འཕྲིན་བཀོད་ནས་མངགས་ཉོ་བྱ་ཆོག

    44.png

    55.png

    66.png

    གོམ་སྟབས་གསུམ་པ། ཅིང་ཡུན་ཀུང་སིས་ཚབ་ཉོ་ཚབ་སྐྱེལ་བྱེད་པ་དང་། ཚབ་ཉོ་བྱས་པའི་སྨན་རྫས་ཀྱི་རིན་པ་མྱུར་སྐྱེལ་བས་སྔ་རྟིང་དུ་གཏོང་བ། སྨན་རྫས་ལག་འབྱོར་བྱུང་རྗེས་གཞི་ནས་སྨན་རིན་སྤྲོད་པ་བཅས་བྱེད་ཀྱི་ཡོད།

    གཉིས་པ། མངགས་ཉོ་བྱེད་པའི་དུས་ཚོད།

    “ཀྲི་ཀྲའོ་གྲོང་གཅིག”གིས་མངགས་ཐོ་དང་ལེན་བྱེད་པའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་དགུ་པ་ནས་བཅུ་པའི་བར་ཡིན།

    77.png

    88.png

    99.png

    རྗེས་ལ། རང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་བླང་བྱར་གཞིགས་ནས་སྨན་རྫས་ཚོང་ཁང(སྨན་བཅོས་ཁང)ནས་དངོས་ཟོག་མཁོ་འདོན་བྱེད་པའི་ཐབས་ལམ་བབ་བསྟུན་ལེགས་སྒྲིག་བྱ་རྒྱུ་ཡིན། 

    ཅིང་ཡུན་ཀུང་སིའི་འབྲེལ་གཏུག་མི་སྣ། འཇིགས་མེད། 13908981811 

    ཐབས་ཤེས་གཉིས་པ། 

    དང་ཐོག་གྲོང་མིས་སྡེ་ཁུལ་གྱི་དང་བླངས་པར་རང་ཉིད་ལ་མཁོ་བའི་སྨན་རྫས་ཀྱི་གསལ་ཐོ་མཁོ་འདོན་བྱེད་དགོས་པ་དང་། དང་བླངས་པས་གྲངས་གཞི་བསྡོམས་རྩིས་བྱས་རྗེས་ཁྲོམ་གཞུང(སྡེ་ཁུལ)ལ་སྐྱེལ་རྒྱུ། དེ་ནས་ཁྲོམ་གཞུང(སྡེ་ཁུལ)མང་ཚོགས་ཀྱི་སྨན་སྤྱོད་དགོས་མཁོ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ལ་སྙན་སེང་ཞུས་ནས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཐག་ཉེ་སའི་སྨན་རྫས་ཚོང་ཁང་ལ་མཐུན་སྦྱོར་གཏན་འཁེལ་བྱེད་པ་དང་འབྲེལ་ཁྲོམ་གཞུང(སྡེ་ཁུལ)ལ་བརྡ་ཐོ་གཏོང་རྒྱུ། མཇུག་ཏུ་ཁྲོམ་གཞུང(སྡེ་ཁུལ)གིས་རླངས་འཁོར་མངགས་ཏེ་སྨན་རྫས་ཚོང་ཁང་ནས་སྨན་ལེན་རྒྱུ་དང་སྡེ་ཁུལ་གྱི་དང་བླངས་པས་གྲོང་མིར་དངོས་ཟོག་རྩིས་ལེན་དུས་དངུལ་སྤྲོད་དགོས་པའི་དྲན་སྐུལ་བྱེད་རྒྱུ།

    འབྲེལ་གཏུག་ཁ་པར་ཨང་གྲངས། 

    གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་གཏུག་ཁ་པར་ཨང་གྲངས། 13989925278 

    གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་གཏུག་ཁ་པར་ཨང་གྲངས། 0892-8822495 0892-8822407

    སྡེ་ཁུལ་ཁག་གི་འབྲེལ་གཏུག་ཁ་པར་ཨང་གྲངས། 

    ལྕང་ལོ་ཁང་གསར་སྡེ་ཁུལ། 13908921572

    རྟ་མགྲིན་གསང་ཆུ་སྡེ་ཁུལ། 18708021331

    བཀྲ་ཤིས་སྐྱིད་ཚལ་སྡེ་ཁུལ། 18308026986

    ལྗའུ་གྲང་སྡེ་ཁུལ། 15628599724

    པང་གཅལ་གོང་སྡེ་ཁུལ། 18689020700

    འབུམ་མོ་ཆེ་སྡེ་ཁུལ། 19908921844

    ཆུ་ཤར་སྡེ་ཁུལ། 18089902526

    མཐུན་སྒྲིལ་སྡེ་ཁུལ། 13228918600

    ཁ་རག་སྡེ་ཁུལ། 13322516500

    སེ་མ་སྡེ་ཁུལ།  13322516500

    བུམ་ཆབ་སྡེ་ཁུལ། 18818206769

    སྐྱིད་འཕེལ་སྡེ་ཁུལ། 16689084900 

                   13989022799

    དགའ་ཡུལ་སྡེ་ཁུལ། 18889003003

    བདེ་ལེགས་སྡེ་ཁུལ། 18489189668

    དགའ་ལུང་སྡེ་ཁུལ། 18489189668

    སྒང་ཏོག་སྡེ་ཁུལ། 19989205737

    བདེ་སྐྱིད་སྡེ་ཁུལ། 15902125679

    མི་རིགས་སྡེ་ཁུལ། 15708088643

    ནག་ཆུ།

    ནག་ཆུ་གྲོང་ཁྱེར་གྱི་ཁ་པར་ནས་སྨན་བཅོས་བློ་འདྲི་བྱེད་ཐབས་ཀྱི་སྤྱི་བསྒྲགས།

    རྒྱ་ཆེའི་གྲོང་མི་མང་ཚོགས་རྣམས་ལ།

    རིམས་ནད་རིང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་གྱི་སྨན་བཅོས་དགོས་མཁོ་གང་ལེགས་བསྐང་ཆེད། ནག་ཆུ་གྲོང་ཁྱེར་གྱིས་དྲ་ཐོག་དང་དྲ་གཤམ་གཉིས་ཀ་ནས་སྨན་བཅོས་ཞབས་འདེགས་ཞུ་ཡི་ཡོད། ད་ལྟ་གྲོང་ཁུལ་གྱི་དྲ་ཐོག་སྨན་བཅོས་བློ་འདྲི་ཞབས་ཞུའི་ཁ་པར་ཨང་གྲངས་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།

    100.png

    111.png

    (ཡོང་ཁུངས། ལྷ་ས་ཁྲེང་ཀོན་ཡོངས་བསྒྲགས། ལྷ་ས་ཡོངས་བསྒྲགས། བོད་ལྗོངས་ཧྥུའུ་ཁང་སྨན་ཁང་། སྤྲིན་རྩེའི་ཇོ་མོ་ ་གླང་མ། བསམ་གྲུབ་རྩེ་ཆུས་ཡོངས་བསྒྲགས། ནག་ཆུ་མཉམ་འདྲེས་སྨྱན་སྦྱོར།)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།