དབུ་ཤོག>ཆེད་སྒྲིག
  • “རིམས་ནད་ལས་རྣམ་པར་རྒྱལ་ཆེད་ངས་འཐབ་ས་དང་པོ་བརྟན་སྲུང་བྱེད་ཀྱི་ཡིན”

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-09-07

    རིམས་ནད་ཐོན་ཚུན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་གྲོང་ལྷོ་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ་སྔར་བས་བྲེལ་འཚུབ་ཆེ་རུ་སོང་ཡོད། ནག་ཆུ་གྲོང་ཁྱེར་དུ་རིམས་ནད་མཆེད་རྒྱུ་གཏན་འགོག་བྱ་ཆེད། ཞིབ་བཤེར་ས་ཚིགས་དེས་འཕྲོད་བསྟེན་བདེ་ཐང་དང་འགྲིམ་འགྲུལ་སོགས་སྡེ་ཚན་གྱི་ལས་དོན་མི་སྣ་དང་མཉམ་དུ་རིམས་ནད་ལྟ་ཞིབ་ཚད་ལེན་ཚོགས་ཆུང་བཙུགས་ཏེ་གྲོང་ཁུལ་ནས་འགྲོ་འོང་བྱེད་མཁན་འཁོར་རིགས་དང་མི་སྣར་ཆུ་ཚོད་24ཡི་རིང་བར་མཚམས་མི་འཇོག་པར་ཞིབ་བཤེར་བྱས་ཡོད།

    རིམས་ནད་ཐོན་རྗེས་གསེར་རྙེད་ཆུས་སྤྱི་བདེ་ཅུས་གྲོང་ལྷོ་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ཀྲན་ཀྲང་ཅང་ཧྭ་ཡིས་ས་ཚིགས་ཡོངས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པར་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་ལས་རེས་རེའུ་མིག་བསྐྱར་དུ་བཟོས་པ་མ་ཟད་དབྱེ་བཤེར་བྱེད་སྟངས་དང་། བཤེར་སྡོམ་བརྒྱུད་རིམ་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་དང་རང་ངོས་འགོག་སྲུང་ཡག་པོ་བྱེད་པ་སོཌ་ཀྱི་ལས་དོན་བསྒྲུབས་ཡོད།

    “ཁྱེད་དང་ཁྱེད་ཀྱི་ནང་མིའི་བདེ་འཇགས་ཆེད་དུ་ཁ་རས་ཡག་པོ་རྒྱག་པ་དང་། བར་ཐག་སྨི་གཅིག་འཇོག་པ། སྔ་སྣུར་དུ་བོད་ལྗོངས་ཤར་བགྲོད་ཁ་ཕྱེ་བ། བདེ་ཐང་བཤེར་རྟགས་གྲ་སྒྲིག་ཡག་པོ་བྱེད་པ། གོ་རིམ་ལྡན་པའི་ངང་བང་སྒྲིག་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་རྒྱུར་སྒུག་དགོས”ཞེས་ཅང་ཧྭ་ཡིས་འགྲོ་འོང་བྱེད་མཁན་ཁ་ལོ་བ་དང་འགྲུལ་པར་དྲན་སྐུལ་བྱེད་པ་དང་འགྲོ་འོང་འཁོར་རིགས་དང་མི་སྣར་ཞིབ་དཔྱད་དང་ཐོ་འགོད་བྱ་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡོད།

    རིམས་ནད་ཐོན་ཚུན། ཞིབ་བཤེར་ས་ཚིགས་ཀྱིས་ཆ་སྙོམས་ཉིན་རེར་རླངས་འཁོར་ཐེངས་1500དང་མི་ཐེངས་3000ཡན་ལ་འདྲི་ཞིབ་བྱེད་ཀྱི་ཡོད་ཅིང་། ཉིན་ཤས་བསྟུད་མར་ལས་འབོར་ཆེ་བའི་རིམས་འགོག་ཞིབ་བཤེར་གྱི་ལས་ཀ་བྱས་རྗེས་དཀའ་ལས་ཁ་དྲགས་པའི་ཅང་ཧྭ་ལས་གནས་ཐོག་འགྱེལ།

    རིམས་ནད་ཐོན་སྐབས་ཅང་ཧྭ་དང་འདྲ་བར་དཀའ་ངལ་ལ་མ་འཛེམས་པ་དང་ལས་གནས་བརྟན་སྲུང་བྱས་ནས་མྱུར་དུ“རིམས་ནད་ལས་རྣམ་པར་རྒྱལ་བར་བྱེད་མཁན”སྤྱི་བདེ་མི་དམངས(ལས་རོགས)ཉེན་རྟོག་པ་ད་དུང་ཧ་ཅང་མང་པོ་ཡོད། ཁོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས“རིམས་ནད་ཀྱི་མདུན་དུ་ཉེན་རྟོག་པའི་ཉམས་འགྱུར་མི་ཉམས་པའི”འགྱུར་མེད་དམ་བཅའ་ལག་ལེན་དུ་འཁྱོལ་བར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།