དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ས་ཆ་ཁག་གི་རིམས་ནད་སྐོར་གྱི་གནས་ཚུལ་གསར་ཤོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-07

    གཞིས་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་གསལ་བརྡ། 

    【2022】ཡིག་ཨང་30པ། 

    ཟླ་9ཚེས་6ཉིན་གྱི་ཆུ་ཚོད་0ནས་24བར། གཞིས་རྩེ་གྲོང་ཁྱེར་དུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཀྱི་ནད་དཔེ་144མང་དུ་ཕྱིན་པའི་ནང་། གཏན་འཁེལ་ནད་དཔེ་3དང་རྟགས་མེད་ནད་དུག་འགོས་པ་141ཡོད་པ་རེད། མང་དུ་ཕྱིན་པའི་གཏན་འཁེལ་ནད་དཔེ་དང་རྟགས་མེད་ནད་དུག་འགོས་པ་ཚང་མ་ལོག་འཇོག་དོ་དམ་ཚོད་འཛིན་བྱེད་ས་ནས་ཤེས་རྟོགས་བྱུང་བ་རེད།  དེའི་ནང་། 

    (གཅིག)བསམ་གྲུབ་རྩེ་ཆུས་སུ་ཉིན་དེ་རང་ལ་ནད་དཔེ་113མང་དུ་ཕྱིན་པ།(གཏན་འཁེལ་ནད་དཔེ་3དང་རྟགས་མེད་ནད་དུག་འགོས་པ་110) 

    (གཉིས)སྐྱིད་གྲོང་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་11མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་11) 

    (གསུམ)རྣམ་གླིང་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་6མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་6) 

    (བཞི)ས་སྐྱ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་6མང་དུ་ཕྱིན་པ(རྟགས་མེད་ནད་དུག་འགོས་པ་6) 

    (ལྔ)པ་སྣམ་སྨོན་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་5མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་5) 

    (དྲུག)བཞད་མཐོང་སྨོན་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་3མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་3)   

    ནག་ཆུ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    (2022)ཡིག་ཨང་27པ། 

     2022ལོའི་ཟླ་9ཚེས་5ཉིན་གྱི་ཆུ་ཚོད་0ནས་24བར། གྲོང་ཁྱེར་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་51(གཏན་འཁེལ་ནད་དཔེ་6ཡོད་པ་དང་རྟགས་མེད་ནད་དུག་འགོས་པ་45)ཡོད་པ་རེད། མང་དུ་ཕྱིན་པའི་གཏན་འཁེལ་ནད་དཔེ་དང་རྟགས་མེད་ནད་དུག་འགོས་པ་ཚང་མ་ལོག་འཇོག་བྱེད་རིང་ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར་ཁྲོད་ནས་ཤེས་རྟོགས་བྱུང་བ་རེད། དེའི་ནང་།

    (གཅིག)གསེར་རྙེད་ཆུས་སུ་ཉིན་དེ་རང་ལ་ནད་དཔེ་40མང་དུ་ཕྱིན་ཡོད་པ(གཏན་འཁེལ་ནད་དཔེ་6དང་རྟགས་མེད་ནད་དུག་འགོས་པ་34)

    (གཉིས)གཉན་རོང་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་4མང་དུ་ཕྱིན་ཡོད་པ(རྟགས་མེད་ནད་དུག་འགོས་པ་4)

    (གསུམ)ཨ་མདོ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་2མང་དུ་ཕྱིན་ཡོད་པ(རྟགས་མེད་ནད་དུག་འགོས་པ་2)

    (བཞི)སྦྲ་ཆེན་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་4མང་དུ་ཕྱིན་ཡོད་པ(རྟགས་མེད་ནད་དུག་འགོས་པ་4)

    (ལྔ)ཉི་མ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་1མང་དུ་ཕྱིན་ཡོད་པ(རྟགས་མེད་ནད་དུག་འགོས་པ་1)

    མིག་སྔར། གོང་གི་ནད་དཔེ་51ལ་གནས་གཏན་འཁེལ་དུ་ལོག་འཇོག་སྨན་བཅོས་བྱེད་བཞིན་ཡོད་པ་མ་ཟད། ནད་དཔེ་འདི་དག་དང་འབྲེལ་འདྲིས་དམ་ཟབ་བྱུང་མཁན་དང་བརྒྱུད་འབྲེལ་བྱུང་མཁན་ལའང་ལོག་འཇོག་དོ་དམ་ཚོད་འཛིན་བྱེད་བཞིན་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་གསལ་བསྒྲགས། 

    (2022ལོའི་ཡིག་ཨང་47པ) 

      2022ལོའི་ཟླ་9ཚེས་5ཉིན་གྱི་ཆུ་ཚོད་0ནས་24བར། ཉིང་ཁྲི་གྲོང་ཁྱེར་དུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཀྱི་ནད་དུག་ཕོག་པའི་ནད་དཔེ་མེད་པ་དང་། གྲོང་ཁྱེར་གྱི་ཕྱི་ནས་སླེབས་པའི་ཏོག་གསར་གློ་ཚད་ཀྱི་ནད་དུག་ཕོག་པའི་ནད་དཔེ་1མང་དུ་ཕྱིན་པ(ཕྱི་ལོག་ནས་ཉིང་ཁྲིར་ལོག་མཁན་གྱི་ལོགས་འཇོག་ས་ཚིགས་ནས་དོན་པ)གཏན་འཁེལ་ནད་དཔེ་ནད་གཞི་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་མཁན་11མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པར་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་5མང་དུ་ཕྱིན་ཡོད་པ་རེད། ཟླ་9ཚེས་5ཉིན་གྱི་ཆུ་ཚོད་24བར། རིམ་རྩིས་བྱས་ན་གཏན་འཁེལ་ནད་དཔེ་109ཡོད་པ་དང་། རྟགས་མེད་ནད་དུག་འགོས་པ་235 ཁྱོན་ནད་དཔེ་344ཡོད་པ་རེད།

    ཆབ་མདོ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་གསལ་བསྒྲགས། 

    (2022ལོའི་ཡིག་ཨང་36པ) 

    2022ལོའི་ཟླ་9ཚེས་5ཉིན་གྱི་ཆུ་ཚོད་0ནས་24བར། ཆབ་མདོ་གྲོང་ཁྱེར་དུ་གཏན་འཁེལ་ནད་དཔེ་15མང་དུ་ཕྱིན་ཡོད་པ་དང་རྟགས་མེད་ནད་དུག་འགོས་པ་14མང་དུ་ཕྱིན་ཡོད་པ་རེད། ཟླ་9ཚེས་5ཉིན་གྱི་ཆུ་ཚོད་24བར། ཆབ་མདོ་གྲོང་ཁྱེར་དུ་རིམ་རྩིས་བྱས་ན་གཏན་འཁེལ་ནད་དཔེ་175དང་། རྟགས་མེད་ནད་དུག་འགོས་པ་124 ནད་གཞི་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་མཁན་127(གཏན་འཁེལ་ནད་དཔེ་76དང་། རྟགས་མེད་ནད་དུག་འགོས་པ་51ཡོད་པ)ཡོད་པ་རེད། མང་དུ་ཕྱིན་པའི་གཏན་འཁེལ་ནད་དཔེ་དང་རྟགས་མེད་ནད་དུག་འགོས་པ་ཚང་མ་ལོག་འཇོག་བྱེད་རིང་ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར་ཁྲོད་ནས་ཤེས་རྟོགས་བྱུང་བ་རེད།

    བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    【2022】ཡིག་ཨང་60པ།

    2022ལོའི་ཟླ་9ཚེས་5ཉིན་གྱི་ཆུ་ཚོད་0ནས་24བར། མངའ་རིས་ས་ཁུལ་དུ་རྟགས་མེད་ནད་དུག་འགོས་པ་26(ཚང་མ་དོ་དམ་ཚོད་འཛིན་བྱེད་ས་ནས་ཤེས་རྟོགས་བྱུང་བ) མང་དུ་ཕྱིན་ཡོད། དེའི་ནང་།

    (གཅིག)སྒར་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་14མང་དུ་ཕྱིན་ཡོད་པ(ཚང་མ་རྟགས་མེད་ནད་དུག་འགོས་པ་ཡིན་པ)

    (གཉིས)སྤུ་ཧྲེང་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་12མང་དུ་ཕྱིན་ཡོད་པ(ཚང་མ་རྟགས་མེད་ནད་དུག་འགོས་པ་ཡིན་པ)

    (གསུམ)དགེ་རྒྱས་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད།

    (བཞི)མཚོ་ཆེན་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད།

    (ལྔ)སྒེར་རྩེ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད།

    (དྲུག)རུ་ཐོག་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད།

    བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    【2022】ཡིག་ཨང་61པ།

    2022ལོའི་ཟླ་9ཚེས་5ཉིན་གྱི་ཆུ་ཚོད་0ནས་24བར། ས་ཁུལ་ཡོངས་སུ་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་དོན་པའི་ནད་དཔེ་21(བསྡོམས་ནད་དཔེ་579ཐོན་ཡོད)ཡོད་པ་རེད། དེའི་ནང་། 

    (གཅིག)སྒར་རྫོང་དུ་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་དོན་པའི་ནད་དཔེ་9(བསྡོམས་ནད་དཔེ་269ཐོན་ཡོད)ཡོད་པ། 

    (གཉིས)དགེ་རྒྱས་རྫོང་དུ་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་དོན་པའི་ནད་དཔེ་3(བསྡོམས་ནད་དཔེ་84ཐོན་ཡོད)ཡོད་པ། 

    (གསུམ)སྤུ་ཧྲེང་རྫོང་དུ་ཉིན་དེ་རང་ལ་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་དོན་པའི་ནད་དཔེ་8(བསྡོམས་ནད་དཔེ་180ཐོན་ཡོད)ཡོད་པ།

    (བཞི)མཚོ་ཆེན་རྫོང་དུ་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་དོན་པའི་ནད་དཔེ་མེད་པ།(བསྡོམས་ནད་དཔེ་10ཐོན་ཡོད)

    (ལྔ)རུ་ཐོག་རྫོང་དུ་ཉིན་དེ་རང་ལ་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་དོན་པའི་ནད་དཔེ་1(བསྡོམས་ནད་དཔེ་4ཐོན་ཡོད)ཡོད་པ།

    (དྲུག)སྒེར་རྩེ་རྫོང་དུ་ཉིན་དེ་རང་ལ་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་དོན་པའི་ནད་དཔེ་མེད་པ།(བསྡོམས་ནད་དཔེ་32ཐོན་ཡོད)

    མངའ་རིས་ས་ཁུལ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས། 

    2022ལོའི་ཟླ་9ཚེས་6ཉིན།  

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།