དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་བདུན་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-06

    ● རིམས་འགོག་དངོས་ཟོག་གྲབས་གསོག་འདང་ངེས་ཡོད་པ། ● རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་ཁུལ་དབྱེ་རིགས་དབྱེ་དང་དུས་གཡོལ་འཚང་གཡོལ་གྱིས་སློབ་འགོ་འཛུགས་རྒྱུ། ●གཞིས་རྩེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དུ་ཕྱིན་པ།

    ཚེས་4ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་བདུན་པ་འཚོགས་ནས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། རིམས་འགོག་དངོས་ཟོག་མཁོ་སྤྲོད་དང་། སློབ་མ་སློབ་འགོ་ཚུགས་པ་དང་སློབ་གྲྭར་ལོག་པ། གཞིས་རྩེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཆོས་དར་གྱིས་ངོ་སྤྲོད་གནང་དོན། ཟླ་9ཚེས་3ཉིན་གྱི་ཆུ་ཚོད་0ནས་24བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་51(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་15དང་། གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་9 ཉིང་ཁྲི་གྲོང་ཁྱེར་ལ་ནད་དཔེ་1 ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་20 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་6 )མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་505(ལྷ་ས་གྲོང་ཁྱེར་ལ་236དང་། གཞིས་རྩེ་གྲོང་ཁྱེར་ལ་160 ལྷོ་ཁ་གྲོང་ཁྱེར་ལ་3 ཆབ་མདོ་གྲོང་ཁྱེར་ལ་13 ནག་ཆུ་གྲོང་ཁྱེར་ལ་62 མངའ་རིས་ས་ཁུལ་ལ་31)མང་དུ་ཕྱིན་ཡོད་པ་རེད།

    ཟླ་9ཚེས་4ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་45(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་23དང་། ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་14 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་8) མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་171(ལྷ་ས་གྲོང་ཁྱེར་ལ་128དང་། གཞིས་རྩེ་གྲོང་ཁྱེར་ལ་2 ལྷོ་ཁ་གྲོང་ཁྱེར་ལ་5 ཆབ་མདོ་གྲོང་ཁྱེར་ལ་3 ནག་ཆུ་གྲོང་ཁྱེར་ལ་18 མངའ་རིས་ས་ཁུལ་ལ་15)མང་དུ་ཕྱིན་ཡོད་པ་རེད།

    ཟླ་9ཚེས་3ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་386དང་ཉེན་ཁ་འབྲིང་བའི་ཁུལ་157ཡོད་པ་རེད། ཟླ་9ཚེས་3ཉིན་ཏོག་གསར་ནད་དུག་འགོས་པ་556མང་དུ་ཕྱིན་པ་དེ་དག་ཚང་མ་ནི་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་རེད།

    ཟླ་9ཚེས་3ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་641དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། ཐད་འབྲེལ་པ་33053ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་རེད། མིག་སྔར། མི་གྲངས་55440ལ་གཅིག་སྡུད་ལོགས་བཀར་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

    རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་ཏང་ཙུའི་ཁོངས་མི་དང་། ཐིང་ཀྲང་གཞོན་པ། རིམ་པ་དང་པོའི་སྐོར་གཟིགས་པ་བཅས་ཡིན་པའི་ཀུའོ་ཞང་གིས་ངོ་སྤྲོད་གནང་དོན། རིམས་ནད་ཐོན་པ་ནས་བཟུང་རང་སྐྱོང་ལྗོངས་དངོས་ཟོག་འགན་ལེན་ཚོགས་ཆུང་གིས་ཐོག་མཐའ་བར་གསུམ་དུ་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་བ་དང་། དོ་དམ་གྱི་རྩིས་ཁྲ་བཟོ་བ། དངོས་ཟོག་ཟད་གྲོན་གྱི་མྱུར་ཚད་དང་འགན་ལེན་ནུས་པ་ལུགས་མཐུན་ངང་ཚོད་རྩིས་རྒྱག་པ་བཅས་བྱས་ནས། དངོས་ཟོག་དཀོན་རིགས“ཕྱིར་གཏོང་བྱས་པ་དེ་མུར་ནང་འདྲེན་དང་བེད་སྤྱོད་བྱས་པ་དེ་མུར་ཁ་གསབ་ཀྱི་བླང་བྱ”ལྟར་དུས་ཐོག་ཏུ་ཉོ་སྒྲུབ་ཁ་གསབ་དང་ཐོན་སྐྱེད་མཁོ་སྤྲོད་བཀོད་གཏོང་བྱས་ཏེ་དངོས་ཟོག་ཉོ་སྒྲུབ་རྗེས་སྙེག་ཐུབ་པ་དང་། འཁོར་འབྲེལ་མི་ཆད་པ། མཁོ་སྤྲོད་མི་ཆད་པ་བཅས་ཀྱི་འགན་ལེན་བྱེད་བཞིན་ཡོད། མིག་སྔའི་བར་རིམས་འགོག་དངོས་ཟོག་གསོག་འཇོག་འདང་ངེས་ཡོད་པས་འགོག་སྲུང་དངོས་ཟོག་གཙོ་བོ་ཉིན་20ཙམ་གྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད།

    རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ལུའུ་ཧྲེང་ཧྭ་ཡིས《2022ལོའི་སྟོན་དུས་སློབ་དུས་ཀྱི་ལྗོངས་ཕྱིར་སློབ་གྲྭར་སྐྱོད་པའི་སློབ་མ་བོད་ནས་སློབ་གྲྭར་ལོག་པའི་ལས་དོན་ཇུས་གཞི》དང《ལྗོངས་ཡོངས་ཀྱི་སློབ་གྲྭའི་2022ལོའི་སྟོན་དུས་སློབ་དུས་ཀྱི་སློབ་འགོ་ཚུགས་པའི་ལས་དོན་ཇུས་གཞི》ངོ་སྤྲོད་གནང་བ་རེད།

    ལྗོངས་ཕྱིར་སློབ་གྲྭར་སྐྱོད་པའི་སློབ་མ་བོད་ནས་སློབ་གྲྭར་ལོག་པའི་ཐད། ཉེན་ཁ་ཆུང་བའི་ཁུལ་གྱི་སློབ་མ་སྔོན་ལ་སློབ་གྲྭར་ལོག་པ་དང་ཉེན་ཁ་ཆེ་བ་དང་འབྲིང་བའི་སློབ་མ་བོད་ནས་ཐོན་པའི་ཆ་རྐྱེན་འཛོམས་རྗེས་གོ་རིམ་བཞིན་སློབ་གྲྭར་ལོག་པའི་རྩ་དོན་ལྟར་དུས་གཏན་གནམ་གྲུ་དང་མེ་འཁོར་ཐེངས་གྲངས་བཀོད་གཏོང་གི་འཆར་གཞི་བཟོས་ཏེ། བོད་ནས་སློབ་གྲྭར་ལོག་པའི་ལྷུ་ཚིགས་ཁག་ཤར་གཏོང་ཐུབ་པ་བྱེད་དགོས། སློབ་མ་སྐྱེལ་བསུའི་ལས་དོན་སྤེལ་སྐབས་གནད་ནས་གནད་བར་དུ་བར་གསེང་མེད་པར་ཕྱོགས་ཡོངས་བཀག་སྡོམ་མཐའ་འཁྱོངས་བྱས་ཏེ་སློབ་མ་རྫོང(ཆུས)དང་ས་ཁུལ(གྲོང་ཁྱེར)དུ་མཉམ་དུ་འཛོམས་པ་དང་བར་བརྒྱུད་ཀྱི་དུས་ཚོད་ཐུང་དུ་གཏོང་གང་ཐུབ་བྱེད་དགོས། བོད་ནས་སློབ་གྲྭར་ལོག་པའི་སློབ་མའི་བདེ་ཐང་གནས་ཚུལ་གྱི“མི་རེ་ལ་ཡིག་ཚགས་རེ”འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། འབྲེལ་ཡོད་སྡེ་ཚན་གྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་ས་གནས(གྲོང་ཁྱེར)ཁག་གིས་སློབ་མའི་ཆ་འཕྲིན་མཐིལ་རྟོགས་བསྡོམས་རྩིས་དང་། བོད་ནས་ཐོན་པའི་སློབ་མ་ཐོ་འགོད། སྤ་སེའི་ལས་སྒོ་སྦྲེལ་མཐུད། རིམས་ནད་སྔོན་འགོག་དང་ཚོད་འཛིན། ཉིང་སྐྱུར་བརྟག་དཔྱད། གནམ་ཐང་བབས་ཚུགས་སུ་སྐྱོད་པའི་འགྲིམ་འགྲུལ་འགན་ལེན། བོད་ནས་ཐོན་པའི་སྐྱེལ་འདྲེན་འགན་ལེན་སོགས་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་དགོས། བོད་ལྗོངས་འཛིན་གྲྭའི་སློབ་མ་བོད་ནས་ལོག་པའི་ལས་དོན་གྱི་འཆར་གཞི་དེ་ཟླ་9པའི་ཟླ་དཀྱིལ་ནས་བཟུང་ལག་ལེན་བསྟར་དགོས་པ་དང་། ཉེན་ཁ་ཆུང་བའི་ཁུལ་གྱི་བར་འཇུག་འཛིན་གྲྭ་དང་འབྲིང་རིམ་ལས་རིགས་འཛིན་གྲྭའི་སློབ་མ་ཡིན་ཕྱིན་སློབ་གཉེར་འཛིན་གྲྭ་གནས་ཡུལ་སློབ་གྲྭས་ཕྱིར་ལོག་པའི་མོས་མཐུན་ཐོབ་པ་དང་འབྲེལ་བོད་ནས་ཐོན་པའི་སྲིད་ཇུས་ཀྱི་ཆ་རྐྱེན་འཛོམས་རྗེས་དམངས་སྤྱོད་མཁའ་འགྲུལ་ལམ་ཡང་ན་ལྕགས་ལམ་བརྒྱུད་ཁག་ཐེངས་དབྱེ་ནས་གཅིག་སྡུད་སྐྱེལ་འདྲེན་བྱེད་སྟངས་ལ་བརྟེན་ནས་ཐོན་རྒྱུ་སྒྲིག་འཛུགས་བྱེད་དགོས་པ། ཉེན་ཁ་ཆེ་བ་དང་འབྲིང་བའི་ས་ཁོངས་སམ་ཡང་ན་གཏན་འཁེལ་ནད་དཔེ་དང་། རྟགས་མེད་ནད་དུག་འགོས་པ། ཐད་འབྲེལ་པ། གཞན་བརྒྱུད་འབྲེལ་འདྲིས་ཡོད་མཁན་བཅས་དོ་དམ་ཚོད་འཛིན་བྱེད་ཁོངས་སུ་ཚུད་པའི་གནས་སྐབས་སློབ་གྲྭར་ལོག་མི་ཐུབ་པའི་བར་འཇུག་འཛིན་གྲྭའི་སློབ་མ་རྣམས་དོ་དམ་ཚོད་འཛིན་མེད་པ་བཟོས་རྗེས་གོ་རིམ་ལྡན་པའི་ངང་བོད་ནས་སློབ་གྲྭར་ལོག་རྒྱུ་སྒྲིག་འཛུགས་བྱེད་དགོས་པ། གཅིག་སྡུད་སློབ་གཉེར་འཛིན་གྲྭའི་དམའ་འབྲིང་དང་མཐོ་འབྲིང་གི་སློབ་མར་མིག་སྔར་གཅིག་གྱུར་ཐོག་བོད་ནས་ཐོན་པའི་ཆ་རྐྱེན་འཛོམས་མེད་པས་མུ་མཐུད་འཛིན་གྲྭ་ཧྲིལ་པོའི་དྲ་ཐོག་སློབ་ཁྲིད་ནང་ཞུགས་ཏེ་འཛིན་གྲྭ་ཧྲིལ་པོའི་སློབ་མ་བོད་ནས་ཐོན་པའི་ཆ་རྐྱེན་འཛོམས་རྗེས་གཅིག་སྡུད་ཐོག་བོད་ནས་ཐོན་དགོས་པ། རང་མོས་ངང་བོད་ནས་སློབ་གྲྭར་ལོག་དགོས་ཚེ་རང་འགྲོ་སའི་སློབ་གྲྭའི་མོས་མཐུན་ཐོབ་དགོས་པ་དང་འབྲེལ་བོད་ནས་ཐོན་པའི་ཆ་རྐྱེན་འཛོམས་རྗེས་རང་མོས་ངང་བོད་ནས་སློབ་གྲྭར་ལོག་དགོས་པ་བཅས་རེད། ལྗོངས་ཕྱིར་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་མ་གཞན་དག་དང་ལྗོངས་ནང་ཁུལ་དུ་ཡུལ་སྐོར་དང་གནས་སྡོད་བྱེད་མྱོང་མཁན་ལྗོངས་ཕྱིའི་སློབ་མ་སོགས་བོད་ནས་སློབ་གྲྭར་ལོག་སྐབས་ས་ཁུལ(གྲོང་ཁྱེར)ཁག་གིས་གཏོགས་ཁོངས་རྩ་དོན་ལྟར་འགན་ཞིབ་ཕྲ་ཁུར་ནས་ལག་བསྟར་བྱེད་དགོས།

    ལྗོངས་ནང་ཁུལ་གྱི་སློབ་གྲྭའི་སྟོན་དུས་སློབ་འགོ་ཚུགས་པའི་ཐད། “རང་སྐྱོང་ལྗོངས་ཀྱིས་སྤྱི་འདོམས་མཛུབ་ཁྲིད་དང་། གྲོང་ཁྱེར་དང་རྫོང་གིས་གཏོགས་ཁོངས་འགན་འཁུར། ཁུལ་དབྱེ་རིགས་དབྱེ། དུས་ཚོད་དང་འཚང་གཡོལ”བཅས་ཀྱི་སློབ་འགོ་ཚུགས་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཉེན་ཁར་ཞིབ་འཇུག་བརྡར་གཅོད་དང་སློབ་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་ལ་དཔྱད་དཔོག་ཡག་པོ་བྱས་ཏེ། སློབ་འགོ་ཚུགས་པའི་ལས་དོན་གྱི་ཇུས་གཞི་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་ཏེ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་འགོ་ཚུགས་པའི་ལས་དོན་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་ཡག་པོ་བྱེད་དགོས། ཉེན་ཁ་ཆུང་བའི་ཁུལ་གྱི་རྫོང་དང་ཆུས་དང་། ཤང་དང་གྲོང་རྡལ་གྱི་དམའ་འབྲིང་དང་། སློབ་ཆུང་། བུ་བཅོལ་ཁང་བཅས་བདེ་འཇགས་ཚད་གཞིར་སླེབས་ཚེ་སློབ་མ་སློབ་གྲྭར་ལོག་རྒྱུ་བཀོད་སྒྲིག་བྱེད་ཆོག་པ་དང་། སློབ་འགོ་ཚུགས་པ་དང་སློབ་གྲྭར་ལོག་པའི་ཞིབ་ཕྲའི་དུས་ཚོད་དེ་རྫོང་དང་ཆུས་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱེད་དགོས། ཉེན་ཁ་ཆེ་བ་དང་འབྲིང་བའི་ཁུལ་གྱི་རྫོང་དང་ཆུས་དང་། ཤང་དང་གྲོང་རྡལ་གྱིས་སློབ་མ་སློབ་གྲྭར་ལོག་རྒྱུ་ནར་འགྱངས་བྱས་ནས་མུ་མཐུད་དྲ་ཐོག་སློབ་གཉེར་ལས་དོན་ཡག་པོ་སྤེལ་ཏེ། བདེ་འཇགས་དཔྱད་དཔོག་གི་ཚད་གཞི་ལོན་རྗེས་གཞི་ནས་སློབ་འགོ་ཚུགས་པ་དང་སློབ་གྲྭར་ལོག་པའི་ལས་དོན་བཀོད་སྒྲིག་བྱེད་དགོས་པ། མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་འགོ་ཚུགས་པའི་དུས་ཚོད་དེ། ས་ཁུལ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ས་ཁུལ་དེ་རང་གི་རིམས་འགོག་དུས་བབ་ལ་དམིགས་ནས། བདེ་འཇགས་ཚད་གཞི་ལོན་རྗེས་སློབ་མ་སློབ་གྲྭར་ལོག་རྒྱུ་བཀོད་སྒྲིག་བྱེད་རྒྱུ། བོད་ལྗོངས་ཞིང་འབྲོག་སློབ་གླིང་དང་། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭས་སློབ་གྲྭ་ཡོད་སའི་ས་གནས་ཀྱི་རིམས་འགོག་དུས་བབ་གཞིར་བཟུང་། སློབ་མ་སློབ་གྲྭར་ལོག་པའི་དུས་ཚོད་གཏན་འཁེལ་བྱེད་རྒྱུ། བོད་ལྗོངས་མི་རིགས་སློབ་ཆེན(བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་ཚུད་པ) དང་། གོར་མོར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང་གི་སློབ་གྲྭ་འབྲིང་ཆུང་བཅས་ཧྲའན་ཤིས་དང་མཚོ་སྔོན་གྱི་སློབ་འགོ་འཛུགས་པའི་ལས་དོན་བཀོད་སྒྲིག་ལྟར་གོ་རིམ་ལྡན་པའི་སྒོ་ནས་སློབ་འགོ་འཛུགས་རྒྱུ། ལྷ་ས་སློབ་འབྲིང་དང་། རང་སྐྱོང་ལྗོངས་ཚོད་ལྟའི་བུ་བཅོལ་ཁང་། བོད་དམག་ཁུལ་ཁང་ལྷ་ས་བརྒྱད་གཅིག་སློབ་གྲྭ། བོད་དམག་ཁུལ་ཁང་ལས་ཁུངས་བུ་བཅོལ་ཁང་སོགས་སློབ་གྲྭའི་སློབ་མ་སློབ་གྲྭར་ལོག་པའི་ལས་དོན་དེ་ལྷ་ས་གྲོང་ཁྱེར་གྱི་གཅིག་གྱུར་བཀོད་སྒྲིག་ནང་འཇུག་རྒྱུ་བཅས་རེད། གཞན་ཡང་། བོད་དུ་ཡོད་པའི་དགེ་སློབ་དང་ལས་དོན་མི་སྣ་སློབ་གྲྭར་མ་ལོག་གོང་གི་ཉིན་བདུན་ནང་རང་གནས་སའི་གྲོང་ཁྱེར་དང་རྫོང་ནས་ཁ་བྲལ་མི་ཆོག ད་ལྟ་སྔར་བཞིན་ལྗོངས་ཕྱིར་ཡོད་པའི་དགེ་སློབ་སོགས་སློབ་འགོ་མ་ཚུགས་གོང་གི་ཉིན་བདུན་ནང་བོད་དུ་ལོག་དགོས་པ་དང་། དམིགས་བསལ་གནས་ཚུལ་དབང་གིས་སློབ་འགོ་མ་ཚུགས་གོང་གི་ཉིན་བདུན་ནང་བོད་དུ་ལོག་མི་ཐུབ་མཁན་ལ་བོད་དུ་སླེབས་རྗེས་ཉིན་བདུན་ཁྱིམ་སྡོད་བདེ་ཐང་བརྟག་དཔྱད་བྱེད་དགོས་པ་མ་ཟད། སློབ་གྲྭར་ལོག་ཆོག་པའི་ཆ་རྐྱེན་ཚང་མ་འཛོམས་རྗེས་གཞི་ནས་སློབ་གྲྭར་ལོག་ཆོག སློབ་འགོ་མ་ཚུགས་གོང་གི་ཉིན་བདུན་ནང་ཉེན་ཁ་ཆེ་འབྲིང་ཁུལ་དུ་འགྲོ་མྱོང་བའི་དགེ་སློབ་དང་ལས་དོན་མི་སྣ་སྐབས་འཕྲལ་སློབ་གྲྭར་ལོག་མི་ཆོག་པ་དང་། ཁོངས་གཏོགས་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་དོ་དམ་ཚོད་འཛིན་དང་བདེ་ཐང་དོ་དམ་གྱི་བླང་བྱ་ལེགས་གྲུབ་ཟིན་རྗེས་གཞི་ནས་སློབ་གྲྭར་ལོག་ཆོག ལྗོངས་ཕྱིའི་ཉེན་ཁ་ཆུང་ཁུལ(ཉིན་བདུན་ནང་ཉེན་ཁ་ཆུང་ཁུལ་དུ་འགྲོ་མྱོང་བ་ཚུད)ནས་ཡོང་བའི་དགེ་སློབ་དང་ལས་དོན་མི་སྣར་ཆུ་ཚོད་48རིང་གི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབས་གཤིས་ཡིན་པའི་དཔང་ཡིག་ཡོད་ན་སློབ་གྲྭར་ལོག་ཆོག་པ་དང་། སློབ་འགོ་ཚུགས་རྗེས་ཉིན་གསུམ་ནང་ཉིང་སྐྱུར་བརྟག་བཤེར་ཐེངས་གཅིག་བྱེད་དགོས། ལྗོངས་ནང་ཁུལ་གྱི་གྲོང་ཁྱེར་དང་རྫོང་བརྒལ་ནས་ཡོང་བའི་དགེ་སློབ་དང་ལས་དོན་མི་སྣར་ཆུ་ཚོད་48རིང་གི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབས་གཤིས་ཡིན་པའི་དཔང་ཡིག་ཁྱེར་ནས་ཡོང་དགོས་པ་མ་ཟད། ཡོང་ས་དང་འགྲོ་སའི་ཁུལ་གྱི་རིམས་འགོག་བླང་བྱ་དོན་འཁྱོལ་བྱས་རྗེས་གཞི་ནས་སློབ་གྲྭར་ལོག་ཆོག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།