དབུ་ཤོག>ཆེད་སྒྲིག
  • ཆབ་མདོ་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-06

     རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཕྲལ་སྡོམ་ཐག་གཅོད་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་ཐོག་མ་དངོས་སུ་སྤྱོད་འགོ་ཚུགས་པ་རེད། མིག་སྔར་སྒྲོམ་ཚང་སྨན་ཁང་དེར་སྨན་དོན་མི་སྣ་113བཏང་ཞིང་། ཟླ་9ཚེས་2ཉིན་གྱི་དགོང་མོའི་ཆུ་ཚོད་8པའི་བར། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དང་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་ནས་བསྒྱུར་བ་དང་སྒྲོམ་ཚང་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་བའི་ཏོག་གསར་ནད་རྟགས་ཡང་བའི་ནད་པ་གསར་པ་དང་རྟགས་མེད་ནད་དུག་འགོས་པའི་ནད་པ་151ཉར་བཅོས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་ཁ་རུབ་ཆུས་རྫི་ཐང་དུ་གནས་ཤིང་། དེ་ནི་གྲོང་ཁྱེར་ཕྱོགས་བསྡུས་ལུས་རྩལ་ཁང་གི་རྨང་གཞིའི་ཐོག་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་ཞིག་ཡིན་པ་དང་། འཛུཌ་སྐྲུན་རྒྱ་ཁྱོན་བསྡོམས་སྨི་ངོས་གྲུ་ཁྲི་3ལྷག་ཙམ་ཟིན་གྱི་ཡོད། སྒྲོམ་ཚང་སྨན་ཁང་དེའི་དུས་ཐེངས་དང་པོའི་ལས་གྲྭར་Aཁུལ་དང་། Bཁུལ། གཞུང་ལས་དང་འཚོ་བའི་ཁུལ་བཅས་ཁུལ་ཆེན་པོ་གསུམ་ལ་དབྱེ་ནས་ཉལ་ཁྲི་600བཀོད་སྒྲིག་བྱས་ཏེ། གཟུགས་པོ་འཁྲུད་ཁང་དང་། གསང་སྤྱོད། ཆུ་ཁང་། གྱོན་གོས་བླུག་སྒམ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་སྒྲིག་སྦྱོར་བྱས་ཟིན་པ་མ་ཟད། ད་དུང་རླུང་འགྲོ་དང་། དྲོད་རླངས་མཁོ་འདོན། གློག་ཤུགས་མ་ལག མེ་སྐྱོན་སྔོན་བརྡའི་མ་ལག དྲ་རྒྱ་དང་བརྙན་ལམ་གྱི་ལྟ་སྐུལ་ཚོད་འཛིན་མ་ལག་སོགས་སྒྲིག་སྦྱོར་བྱས་ཡོད་པ་རེད། སྒྲོམ་ཚང་སྨན་ཁང་དེའི་དུས་ཐེངས་གཉིས་པའི་Cཁུལ་ད་ལྟ་འཛུགས་སྐྲུན་བྱེད་སྒང་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།