དབུ་ཤོག>ཆེད་སྒྲིག
  • གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-06

    ཉེ་ཆར། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་པས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་ཐུབ་ཡོད།

    བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་གནམ་ཐང་རྣམ་གྲངས་ཀྱི་ལས་ཡུལ་དུ་ཨར་པོ་བ་ཚ་བ་ལྟ་བ་དང་། ཐོབ་ཐང་ལག་ཁྱེར་ཐོ་འགོད། དུག་སེལ་སོགས་ཀྱི་གོ་རིམ་བརྒྱུད་རྗེས་གཞི་ནས་ལས་ཡུལ་དུ་སྐྱོད་ཆོག་གི་ཡོད། ཨར་ལས་བྱ་ཡུལ་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་། དོ་དམ་མི་སྣས་ཁག་བགོས་དོ་དམ་ནན་པོ་བྱེད་པ། ཨར་པོ་བས་རང་འགན་གཙང་སྒྲུབ་བཅས་བྱས་ཏེ་ལས་ཡུལ་དུ་བྲེལ་བརྩོན་གྱི་རྣམ་པས་ཁེངས།

    3265714_yis_1662393600000_s.jpg

    འདི་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་གནམ་ཐང་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་ཡིན་པ།

    3265710_yis_1662393600000_s.jpg

    འདི་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་གནམ་ཐང་རྣམ་གྲངས་ཀྱི་ལས་དོན་མི་སྣས་ལས་ཡུལ་དུ་མ་བསྐྱོད་གོང་ཚ་བ་ལྟ་བ་དང་ཆ་འཕྲིན་ཐོ་འགོད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།