2022ལོའི་ཟླ་9ཚེས་5ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་བརྒྱད་པ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཆོས་དར་གྱིས་གསར་འགྱུར་ཡོངས་བསྒྲགས་བྱས་པ་རེད།
ཟླ་9ཚེས་4ཉིན་གྱི་ཆུ་ཚོད་0ནས་24བར། ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ཡུལ་དེ་གའི་གཏན་འཁེལ་ནད་དཔེ་64མང་དུ་ཕྱིན་ཡོད(དེའི་ཁྲོད་ལྷ་ས་གྲོང་ཁྱེར་ལ་32དང་། གཞིས་རྩེ་གྲོང་ཁྱེར་ལ་6 ཆབ་མདོ་གྲོང་ཁྱེར་ལ་18 ནག་ཆུ་གྲོང་ཁྱེར་ལ་8 ) རྟགས་མེད་ནད་དུག་འགོས་པ་452མང་དུ་ཕྱིན་ཡོད(དེའི་ཁྲོད་ལྷ་ས་གྲོང་ཁྱེར་ལ་208དང་། གཞིས་རྩེ་གྲོང་ཁྱེར་ལ་153 ལྷོ་ཁ་གྲོང་ཁྱེར་ལ་7 ཉིང་ཁྲི་གྲོང་ཁྱེར་ལ་1 ཆབ་མདོ་གྲོང་ཁྱེར་ལ་4 ནག་ཆུ་གྲོང་ཁྱེར་ལ་51 མངའ་རིས་ས་ཁུལ་ལ་28བཅས་ཡོད་པ)
ཟླ་9ཚེས་5ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ཡུལ་དེ་གའི་གཏན་འཁེལ་ནད་དཔེ་18མང་དུ་ཕྱིན་ཡོད(དེའི་ཁྲོད་ལྷ་ས་གྲོང་ཁྱེར་ལ་6དང་། ཆབ་མདོ་གྲོང་ཁྱེར་ལ་8 ནག་ཆུ་གྲོང་ཁྱེར་ལ་4) རྟགས་མེད་ནད་དུག་འགོས་པ་171མང་དུ་ཕྱིན་ཡོད(དེའི་ཁྲོད་ལྷ་ས་གྲོང་ཁྱེར་ལ་144དང་། གཞིས་རྩེ་གྲོང་ཁྱེར་ལ་1 ཆབ་མདོ་གྲོང་ཁྱེར་ལ་8 ནག་ཆུ་གྲོང་ཁྱེར་ལ་18བཅས་ཡོད་པ)
ཟླ་9ཚེས་4ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་494དང་ཉེན་ཁ་འབྲིང་བའི་ཁུལ་211ཡོད་པ་རེད།
ཟླ་9ཚེས་4ཉིན་མང་དུ་ཕྱིན་པའི་ནད་དཔེ་516ཚང་མ་ལོགས་འཇོག་དོ་དམ་ཚོད་འཛིན་བྱེད་ས་ནས་ཤེས་རྟོགས་བྱུང་བ་རེད།
ཟླ་9ཚེས་4ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་མི་736དང་། འབྲེལ་འདྲིས་དམ་ཟབ་འབྱུང་མཁན་35827ལ་གཅིག་སྡུད་ལོགས་འཇོག་གི་བརྟག་དཔྱད་བྱེད་མཚམས་བཞག་པ། མིག་སྔར་མི་53960གྱིས་གཅིག་སྡུད་ལོགས་འཇོག་གི་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།