དབུ་ཤོག>ཆེད་སྒྲིག
  • ནང་མིའམ་ལས་རོགས་ལ་ཏོག་གསར་ནད་དུག་འགོས་ན་ཇི་ལྟར་བྱའམ་ཞེ་ན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-04

    ཏོག་གསར་ནད་དུག་འགོས་རྗེས། གཟུགས་པོ་ཧ་ཅང་མི་བདེ་བ་ཡོད་དམ།

    རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་ཡོན་ཀྲང་གཞོན་པ། ཀྲུའུ་རེན་སྨན་པ་དཀའ་བཅུ་པ། སྨན་བཅོས་སྲོག་སྐྱོབ་རིགས་གཅིག་མཁས་ཅན་ཚོགས་པའི་ཁོངས་མི་ཧཱ་བདེ་མིས་ངོ་སྤྲོད་བྱས་པར། ཏོག་གསར་གློ་ཚད་ནི་ཏོག་དབྱིབས་ནད་དུག་གསར་པ་འགོས་ནས་བསླངས་པའི་དབུགས་ལམ་གྱི་དོས་དྲག་འགོ་ནད་ཅིག་རེད། རང་ལྗོངས་སུ་གཞི་ཁྱོན་གྱི་རང་བཞིན་དང་འདུ་འཛོམས་ཀྱི་རང་བཞིན་ལྡན་པའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཐེངས་དང་པོ་རེད། ད་ཐེངས་རང་ལྗོངས་སུ་མཆེད་པའི་ཏོག་དབྱིབས་ནད་དུག་གསར་པ་ནི་འགྱུར་དུགomicron BA.2.76(ཨོ་མི་ཁ་རོན་བྷི་ཨའེ་ཚག་གཉིས་ཚག་བདུན་དྲུག)ཡིན་ཅིང་། དེ་སྔོན་མཆེད་པའི་གདོད་མའི་ནད་དུག་གམ་འགྱུར་དུགdelta(དྷེ་ལ་ཐཱ)དང་བསྡུར་ན། འགོ་ཤུགས་ཅུང་ཆེ་མོད། འོན་ཀྱང་ན་ཤུགས་ཅུང་ཆུང་དུ་ཕྱིན་ཡོད། ནད་དུག་འགོས་རྗེས། མང་ཆེ་བ་ནད་རྟགས་མེད་མཁན (ནད་རྟགས་གང་ཡང་ཐོན་གྱི་མེད) རེད། ཉུང་ཤས་ཤིག་ལ་དཔེར་ན་ཚ་བ་རྒྱག་པ་དང་། སྐམ་གློ་གོག་པ། ཤུགས་མེད་པ། སྣ་ཁུག་འགགས་པ། རྐང་ལག་གི་ཤ་གནད་ལ་ཆག་བརྒྱབ་པ་ལྟ་བུའི་ན་ཚ་གཏོང་བ་སོགས་ཀྱི་ནད་རྟགས་འགའ་ཞིག་ཐོན་གྱི་ཡོད།

    གལ་སྲིད་རང་ཉིད་གདགས་གཤིས་ཡིན་པ་ཤེས་ན། དང་ཐོག་མར་ག་རེ་བྱེད་དགོས་སམ།

    ནམ་ཞིག་རང་ཉིད་ཀྱི་ཏོག་གསར་ཉིང་སྐྱུར་གདགས་གཤིས་ཡིན་པ་ཤེས་སྐབས། སྔོན་ལ་དངངས་སྐྲག་བྱ་མི་རུང་། རིམས་འགོག་སྨན་པས་ཁྱེད་ལ་གང་མགྱོགས་འབྲེལ་བ་བྱ་སྲིད་པ་མ་ཟད། ཁྱེད་རང་གནས་དེ་གར་སྒུག་ཏུ་བཅུག་ནས། སྲོག་སྐྱོབ་མོ་ཊ་དང་ལས་དོན་མི་སྣས་ཁྱེད་མགྱོགས་མྱུར་སྨན་ཁང་དུ་བསྐྱལ་སྲིད། དེའི་རིང་ཁྱེད་ནས་ཁོ་ཚོའི་མཛུབ་སྟོན་ལྟར། རང་ཉིད་འཕྲལ་མར་ལོགས་དགར་སྡོད་དགོས་པ་ལས། ནང་མིའམ་གྲོགས་པོ་དང་འབྲེལ་འདྲེས་བྱ་མི་རུང་། གལ་སྲིད་ཁྱེད་རང་ཁྱིམ་དུ་ཡོད་ན། ཁ་རས་ཡག་པོ་རྒྱག་དགོས་པ་དང་། སྒོ་ཡག་པོ་བརྒྱབ་རྗེས། སྨན་ཁང་དུ་སྡོད་རིང་མཁོ་བའི་དངོས་རྫས་གྲ་སྒྲིག་བྱེད་དགོས། གལ་སྲིད་ལས་ཁུངས་སུ་ཡོད་ན། ཁ་རས་ཡག་པོ་བརྒྱབ་པ་དང་ཆབས་ཅིག་ཁོར་ར་ཁོར་ཡུག་ལ་མ་རེག་པར། གང་མགྱོགས་དབུ་ཁྲིད་ལ་ཁྱེད་རང་ཁང་པ་ཞིག་ཏུ་ལོགས་སུ་འཇོག་དགོས་པའི་སྙན་སེང་ཞུས་ཏེ། འབྲེལ་ཡོད་སྡེ་ཚན་གྱིས་ཁྱེད་རང་སྨན་ཁང་དུ་བསྐྱལ་བར་སྒུག་དགོས།

    གལ་སྲིད་ནང་མིའམ་ལས་རོགས་ལ་འགོས་ཡོད་ན། རང་ཉིད་ཀྱིས་ཇི་ལྟར་བྱའམ།

    ཐོག་མར་ཁ་རས་ཡག་པོ་རྒྱག་དགོས་པ་དང་། ཕར་ཕྱོགས་དང་མཉམ་དུ་ཁང་པ་གཅིག་གི་ནང་དུ་བསྡད་མི་རུང་བ་མ་ཟད། གང་མགྱོགས་ལག་པ་གཙང་མར་འཁྲུད་དགོས། གལ་སྲིད་ལག་པས་སྙོབ་སར་དཔེར་ན་སྨན་སྤྱོད་ཆང་གི་ཉིང་ཁུ(ཅུའུ་ཅིང)དང་དུག་སེལ་ཨ་ཅོར་རློན་པ་སོགས་ཡོད་ན། ལག་པ་བཅངས་པའི་སྒྲོག་ཙེ་སོགས་ཀྱི་དངོས་པོའི་ཕྱི་ངོས་ཕྱིས་རྗེས། རང་སར་དུག་སེལ་སྡེ་ཁག་གིས་དུས་སེལ་བྱེད་པར་སྒུག་དགོས། དེ་དང་ཆབས་ཅིག ཁྱོད་རང་ཕལ་ཆེར་འབྲེལ་འདྲིས་དམ་ཟབ་བྱེད་མཁན་ལ་ངོས་འཛིན་བྱས་ཏེ། ལོགས་སུ་སྡོད་དགོས་པའི་རེ་བ་འདོན་སྲིད་པས། དེར་བསྟུན་གཞོགས་འདེགས་ཡག་པོ་བྱེད་པའི་གྲ་སྒྲིག་བྱེད་དགོས།

    གྲོགས་པོས་ཉེ་ཆར་ཐོས་པའི་གཏམ་མང་ཤོས་ནི། ཆུ་ཁོལ་མང་ཙམ་ཐུངས་ཟེར། ཁ་ཏ་བྱེད་མི་དགོས། བཏུངས་དང་འཐུང་བཞིན་པའི་སྒང་ཡིན། ཏོག་གསར་ལ་སྐྲག་དགོས་མེད། འཇིགས་སུ་རུང་བ་ནི་ཉེ་འགྲམ་གྱི་མིས་ཇི་ལྟར་བྱེད་དགོས་མིན་མི་ཤེས་པ་འདི་རེད། རྩོམ་ཡིག་འདིའི་ཕན་ཐོགས་ཡོད་པའི་ཕྱོགས་སྟོན་ཚང་མས་སྤྱོད་མི་དགོས་པའི་རེ་བ་ཡོད། འོན་ཀྱང་ངེས་པར་དུ་ཤེས་དགོས།

    (ནང་དོན་ཁག་གཅིག་ཧྲེན་ཀྲེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཕྱོགས་བསྡུས་བྱས)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།