དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ས་ཆ་ཁག་གི་རིམས་ནད་སྐོར་གྱི་གནས་ཚུལ་གསར་ཤོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-04

    ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    【2022】ཡིག་ཨང་42པ། 

    ཟླ་9ཚེས་3ཉིན་གྱི་ཆུ་ཚོད་0ནས་24བར། ལྷ་ས་གྲོང་ཁྱེར་དུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ནད་དཔེ་251མང་དུ་ཕྱིན་པའི་ནང་། གཏན་འཁེལ་ནད་དཔེ་15དང་རྟགས་མེད་ནད་དུག་འགོས་པ་236ཡོད་པ་རེད། མང་དུ་ཕྱིན་པའི་གཏན་འཁེལ་ནད་དཔེ་དང་རྟགས་མེད་ནད་དུག་འགོས་པ་ཚང་མ་གདུམ་ཟུམ་ལོགས་འཇོག་དོ་དམ་ཚོད་འཛིན་བྱེད་ས་ནས་ཤེས་རྟོགས་བྱུང་བ་རེད། 

    (གཅིག)ཁྲེང་ཀོན་ཆུས(རིག་གནས་བསམ་བཀོད་གླིང་ཚུད་པ)སུ་ཉིན་དེ་རང་ལ་ནད་དཔེ་250མང་དུ་ཕྱིན་པ།(གཏན་འཁེལ་ནད་དཔེ་15དང་རྟགས་མེད་ནད་དུག་འགོས་པ་235) 

    (གཉིས)སྟོད་ལུང་བདེ་ཆེན་ཆུས(དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་སྣེའུ་ཁུལ་གསར་ཚུད་པ)སུ་ཉིན་དེ་རང་ལ་ནད་དཔེ་1མང་དུ་ཕྱིན་པ(རྟགས་མེད་ནད་དུག་འགོས་པ་1)

    གཞིས་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་གསལ་བརྡ། 

    【2022】ཡིག་ཨང་27པ། 

    ཟླ་9ཚེས་3ཉིན་གྱི་ཆུ་ཚོད་0ནས་24བར། གཞིས་རྩེ་གྲོང་ཁྱེར་དུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཀྱི་ནད་དཔེ་169མང་དུ་ཕྱིན་པའི་ནང་། གཏན་འཁེལ་ནད་དཔེ་9དང་རྟགས་མེད་ནད་དུག་འགོས་པ་160ཡོད་པ་རེད། མང་དུ་ཕྱིན་པའི་གཏན་འཁེལ་ནད་དཔེ་དང་རྟགས་མེད་ནད་དུག་འགོས་པ་ཚང་མ་གདུམ་ཟུམ་ལོགས་འཇོག་དོ་དམ་ཚོད་འཛིན་བྱེད་ས་ནས་ཤེས་རྟོགས་བྱུང་བ་རེད།  དེའི་ནང་། 

    (གཅིག)བསམ་གྲུབ་རྩེ་ཆུས་སུ་ཉིན་དེ་རང་ལ་ནད་དཔེ་53མང་དུ་ཕྱིན་པ།(གཏན་འཁེལ་ནད་དཔེ་8དང་རྟགས་མེད་ནད་དུག་འགོས་པ་45) 

    (གཉིས)རྣམ་གླིང་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་24མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་24) 

    (གསུམ)པ་སྣམ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་22མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་22) 

    (བཞི)རྒྱལ་རྩེ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་21མང་དུ་ཕྱིན་པ(རྟགས་མེད་ནད་དུག་འགོས་པ་21) 

    (ལྔ)ས་སྐྱ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་19མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་19) 

    (དྲུག)སྐྱིད་གྲོང་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་16མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་16) 

    (བདུན)འབྲོང་པ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་6མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་6) 

    (བརྒྱད)ངམ་རིང་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་4མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་4) 

    (དགུ)ལྷ་རྩེ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་2མང་དུ་ཕྱིན་པ།(གཏན་འཁེལ་ནད་དཔེ་1དང་རྟགས་མེད་ནད་དུག་འགོས་པ་1) 

    (བཅུ)བཞད་མཐོང་སྨོན་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་1མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་1)

    (བཅུ་གཅིག)དིང་རི་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་1མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་1)

    ལྷོ་ཁ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས།

    (2022)ཡིག་ཨང་33པ། 

     2022ལོའི་ཟླ་9ཚེས་3ཉིན་གྱི་ཆུ་ཚོད་0ནས་24བར། ལྷོ་ཁ་གྲོང་ཁྱེར་དུ་རྟགས་མེད་ནད་དུག་འགོས་པ་3མང་དུ་ཕྱིན་ཡོད་ཅིང་། ཚང་མ་གདུམ་ཟུམ་དོ་དམ་དང་གཙོ་གནད་མི་སྣར་གྲལ་བཤེར་བྱེད་ས་ནས་ཤེས་རྟོགས་བྱུང་བ་རེད། ཟླ་9ཚེས་3ཉིན་གྱི་ཆུ་ཚོད་24བར། གྲོང་ཁྱེར་ཡོངས་སུ་རིམ་རྩིས་བྱས་ན་གཏན་འཁེལ་ནད་དཔེ་12དང་། ནད་གཞི་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་1 རྟགས་མེད་ནད་དུག་འགོས་པ་513 གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་255ཡོད། ལྷོ་ཁ་གྲོང་ཁྱེར་དུ་ད་ལྟ་གཏན་འཁེལ་ནད་དཔེ་11དང་རྟགས་མེད་ནད་དུག་འགོས་པ་258ཡོད་པ་རེད། 

    ནག་ཆུ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    (2022)ཡིག་ཨང་23པ། 

     2022ལོའི་ཟླ་9ཚེས་2ཉིན་གྱི་ཆུ་ཚོད་0ནས་24བར། གྲོང་ཁྱེར་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་79( གཏན་འཁེལ་ནད་དཔེ་1དང་རྟགས་མེད་ནད་དུག་འགོས་པ་78)ཡོད་པ་རེད། མང་དུ་ཕྱིན་པའི་གཏན་འཁེལ་ནད་དཔེ་དང་རྟགས་མེད་ནད་དུག་འགོས་པ་ཚང་མ་ལོག་འཇོག་བྱེད་རིང་ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར་ཁྲོད་ནས་ཤེས་རྟོགས་བྱུང་བ་རེད། དེའི་ནང་།

    (གཅིག)གསེར་རྙེད་ཆུས་སུ་ཉིན་དེ་རང་ལ་ནད་དཔེ་49མང་དུ་ཕྱིན་ཡོད་པ(གཏན་འཁེལ་ནད་དཔེ་1དང་རྟགས་མེད་ནད་དུག་འགོས་པ་48)

    (གཉིས)ཨ་མདོ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་2མང་དུ་ཕྱིན་ཡོད་པ(རྟགས་མེད་ནད་དུག་འགོས་པ་2)

    (གསུམ)སྦྲ་ཆེན་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་23མང་དུ་ཕྱིན་ཡོད་པ(རྟགས་མེད་ནད་དུག་འགོས་པ་23)

    (བཞི)ཉི་མ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་5མང་དུ་ཕྱིན་ཡོད་པ(རྟགས་མེད་ནད་དུག་འགོས་པ་5)

    མིག་སྔར། གོང་གི་ནད་དཔེ་79ལ་གནས་གཏན་འཁེལ་དུ་ལོག་འཇོག་སྨན་བཅོས་བྱེད་བཞིན་ཡོད་པ་མ་ཟད། ནད་དཔེ་འདི་དག་དང་འབྲེལ་འདྲིས་དམ་ཟབ་བྱུང་མཁན་དང་བརྒྱུད་འབྲེལ་བྱུང་མཁན་ལའང་ལོག་འཇོག་དོ་དམ་ཚོད་འཛིན་བྱེད་བཞིན་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་གསལ་བསྒྲགས། 

    (2022ལོའི་ཡིག་ཨང་41པ) 

    ཉིང་ཁྲི་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་གཞིགས་པ་དང་། རིག་གཅིག་མཁས་ཅན་གྱིས་ཞིབ་འཇུག་བྱས་པ་བརྒྱུད། 2022ལོའི་ཟླ་9ཚེས་3ཉིན་གྱི་ཆུ་ཚོད་15:00ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱི་དུས་ཁག་གཉིས་པའི་གྲོང་ཁུལ་གཙོ་བོའི་དྲ་མིག་ཅན་གྱི་ས་ཁོངས་ཨང་བཅུ་གཅིག་པ(དུས་བདེ་ལམ་དང་། བརྒྱད་གཅིག་ཁྲོམ་གཞུང་གི་ལམ་དུམ་དཀྱིལ་མ། བདེ་སྐྱིད་ལམ་གྱི་ལམ་དུམ་ནུབ་མ། གཙང་འགྲམ་ལམ་ཆེན་གྱི་ལམ་དུམ་དཀྱིལ་མའི་མཐའ་སྐོར་ས་ཁོངས)དང་། དྲ་མིག་ཅན་གྱི་ས་ཁོངས་ཨང་བཅུ་གཉིས་པ(བདེ་སྐྱིད་ལམ་གྱི་ལམ་དུམ་ནུབ་མ། གཙང་འགྲམ་ལམ་ཆེན་གྱི་ལམ་དུམ་དཀྱིལ་མ། བརྒྱད་གཅིག་ཁྲོམ་གཞུང་ལམ་དུམ་ལྷོ་མའི་མཐའ་སྐོར་ས་ཁོངས)དྲ་མིག་ཅན་གྱི་ས་ཁོངས་ཉི་ཤུ་པ(འཆམ་མཐུན་ལམ་དང་། ཀོང་ཀྲོའུ་ལམ་ཆེན། ཉང་ཆུའི་ཆུ་རགས་ཀྱི་མཐའ་སྐོར་ས་ཁོངས།)དྲ་མིག་ཅན་གྱི་ས་ཁོངས་ཉེར་གཅིག་པ(ཀུན་སྟོད་ལམ་དང་ཉང་ཆུའི་ཆུ་རགས། ཞིང་ཆེན་ལམ་306 རྒྱལ་སྨད་གྲོང་ཚོའི་མཐའ་སྐོར་ས་ཁོངས)བཅས་ལ་གནས་སྐབས་སྤྱི་ཚོགས་ཐོག་གི་དོ་དམ་ཚོད་འཛིན་བྱེད་མཚམས་འཇོག་པ་དང་། གཙང་འགྲམ་ལམ་ཆེན་དང་ནན་ཀོང་ལམ་ཆེན་ཤར་གཏོང་བྱས་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་ཐུབ་པར་བྱེ་རྒྱུ་དང་། ས་ཁོངས་འདིའི་ནང་གི་འབྲེལ་ཡོད་བྲག་ཡིབ་ཆུས་བུ་ཆུ་ཤང་རྒྱལ་སྨད་གྲོང་ཚོ་ཡང་དེ་དང་མཉམ་དུ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཐུབ་པར་བྱེད་རྒྱུ་ཡིན་པ་རེད། 

    ཆབ་མདོ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་གསལ་བསྒྲགས། 

    (2022ལོའི་ཡིག་ཨང་33པ) 

    2022ལོའི་ཟླ་9ཚེས་2ཉིན་གྱི་ཆུ་ཚོད་0ནས་24བར། ཆབ་མདོ་གྲོང་ཁྱེར་དུ་གཏན་འཁེལ་ནད་དཔེ་6མང་དུ་ཕྱིན་ཡོད་པ་དང་རྟགས་མེད་ནད་དུག་འགོས་པ་6མང་དུ་ཕྱིན་ཡོད་པ་རེད། ཟླ་9ཚེས་2ཉིན་གྱི་ཆུ་ཚོད་24བར། ཆབ་མདོ་གྲོང་ཁྱེར་དུ་རིམ་རྩིས་བྱས་ན་གཏན་འཁེལ་ནད་དཔེ་122དང་། རྟགས་མེད་ནད་དུག་འགོས་པ་93 ནད་གཞི་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་མཁན་58(གཏན་འཁེལ་ནད་དཔེ་41དང་། རྟགས་མེད་ནད་དུག་འགོས་པ་17ཡོད་པ)ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    【2022】ཡིག་ཨང་54པ།

    2022ལོའི་ཟླ་9ཚེས་2ཉིན་གྱི་ཆུ་ཚོད་0ནས་24བར། མངའ་རིས་ས་ཁུལ་དུ་རྟགས་མེད་ནད་དུག་འགོས་པ་38(ཚང་མ་དོ་དམ་ཚོད་འཛིན་བྱེད་ས་ནས་ཤེས་རྟོགས་བྱུང་བ) མང་དུ་ཕྱིན་ཡོད། དེའི་ནང་།

    (གཅིག)སྒར་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་19མང་དུ་ཕྱིན་ཡོད་པ(ཚང་མ་རྟགས་མེད་ནད་དུག་འགོས་པ་ཡིན་པ)

    (གཉིས)སྤུ་ཧྲེང་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་19མང་དུ་ཕྱིན་ཡོད་པ(ཚང་མ་རྟགས་མེད་ནད་དུག་འགོས་པ་ཡིན་པ)

    (གསུམ)དགེ་རྒྱས་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད།

    (བཞི)མཚོ་ཆེན་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད།

    (ལྔ)སྒེར་རྩེ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད།

    (དྲུག)རུ་ཐོག་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད།

    བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    【2022】ཡིག་ཨང་55པ།

    2022ལོའི་ཟླ་9ཚེས་2ཉིན་གྱི་ཆུ་ཚོད་0ནས་24བར། ས་ཁུལ་ཡོངས་སུ་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་དོན་པའི་ནད་དཔེ་22(བསྡོམས་ནད་དཔེ་500ཐོན་ཡོད)ཡོད་པ་རེད། དེའི་ནང་། 

    (གཅིག)སྒར་རྫོང་དུ་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་དོན་པའི་ནད་དཔེ་7(བསྡོམས་ནད་དཔེ་238ཐོན་ཡོད)ཡོད་པ། 

    (གཉིས)དགེ་རྒྱས་རྫོང་དུ་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་དོན་པའི་ནད་དཔེ་13(བསྡོམས་ནད་དཔེ་60ཐོན་ཡོད)ཡོད་པ། 

    (གསུམ)སྤུ་ཧྲེང་རྫོང་དུ་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་དོན་པའི་ནད་དཔེ་མེད་པ།(བསྡོམས་ནད་དཔེ་172ཐོན་ཡོད)

    (བཞི)མཚོ་ཆེན་རྫོང་དུ་ཉིན་དེ་རང་ལ་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་དོན་པའི་ནད་དཔེ་2(བསྡོམས་ནད་དཔེ་9ཐོན་ཡོད) ཡོད་པ།

    (ལྔ)རུ་ཐོག་རྫོང་དུ་ཉིན་དེ་རང་ལ་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་དོན་པའི་ནད་དཔེ་མེད་པ།(བསྡོམས་ནད་དཔེ་3ཐོན་ཡོད)

    (དྲུག)སྒེར་རྩེ་རྫོང་དུ་ཉིན་དེ་རང་ལ་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་དོན་པའི་ནད་དཔེ་མེད་པ།(བསྡོམས་ནད་དཔེ་18ཐོན་ཡོད)

    མངའ་རིས་ས་ཁུལ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས། 

    2022ལོའི་ཟླ་9ཚེས་3ཉིན།  

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།