དབུ་ཤོག>ཆེད་སྒྲིག
  • སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་མངོན་འགྱུར་བྱུང་བའི་རྨང་གཞིའི་ཐོག་གཞིས་རྩེ་གྲོང་ཁྱེར་གྱིས་སྐབས་བསྟུན་གཙང་བཟོར་དམིགས་ནས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དཀའ་སེལ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-04

    ཟླ་8ཚེས་31ཉིན་གྱི་དགོང་མོའི་ཆུ་ཚོད་11དང་སྐར་མ་55ཡི་ཐོག་གཞིས་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་མིག་སྔར་གཞིས་རྩེ་གྲོང་ཁྱེར་དུ་གསར་དུ་ཐོན་པའི་གདགས་གཤིས་ནད་དཔེ་ཚང་མ་སྤྱི་ཚོགས་ཐོག་ནས་ཤེས་རྟོགས་བྱུང་བ་མིན་པ་དང་སྤྱི་ཚོགས་ཐོག་གི་རིམས་ནད་འགོ་ལམ་གཞི་རྩའི་ཆ་ནས་བཀག་ཟིན་ཡོད། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཕྱོགས་བསྡུས་དབྱེ་ཞིབ་མཐའ་དཔྱོད་བྱས་པ་བརྒྱུད་གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་ཡོད་ཅེས་སྤྱི་བསྒྲགས་སྤེལ་ཡོད།

    གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ལིའུ་ཧྭ་ཀྲུང་གིས་གསར་འགོད་པར། སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་འགག་སྒྲོལ་དམག་འཐབ་འདིའི་ཁྲོད་གཞིས་རྩེ་གྲོང་ཁྱེར་གྱིས་ཛ་དྲག་ངང་བཀོད་འདོམས་མ་ལག་བཙུགས་ཏེ་འཕྲལ་དུ་ཏོག་གསར་གློ་ཚད་རིམས་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་ལེགས་སྒྲིག་དང་། རིམ་ཉུང་ཅན་གྱི་བཀོད་འདོམས་བཀོད་གཏོང་མ་ལག་འཐུས་ཚང་། མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་བཀའ་རྒྱ་བརྒྱུད་བསྒྲགས་དང་བླང་བྱ་ནན་ཤོས་ཀྱི་ཐོག་ནས་དོན་འཁྱོལ་འགན་ལེན་ཏན་ཏིག་བཅས་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ཁྱིམ་སྡོད་དོ་དམ་བྱེད་ཤུགས་ཆེ་རུ་དང་། ཉེན་ཁ་ཆེ་འབྲིང་གི་ས་ཁོངས་གནད་སྨིན་དབྱེ་འབྱེད། ཁྱིམ་སྡོད་དོ་དམ་བྱ་ཐབས་དོན་འཁྱོལ་ནན་པོ། ཁུལ་དབྱེ་རིམ་དབྱེ་དང་གནད་འཁེལ་ངང་སྔོན་འགོག་དང་ཚོད་འཛིན།“མི་དང་། དངོས་པོ། ཁོར་ཡུག”བཅས་མཉམ་དུ་སྔོན་འགོག་མཐའ་འཁྱོངས་བཅས་བྱས་པ། ཞབས་ཞུ་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་འགན་ལེན་མཐུན་སྦྱོར་ལས་དོན་སྤྱི་འདོམས་ངང་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས། དངོས་ཟོག་གཏོང་འདྲེན་གྱི་ཐོགས་མེད་བགྲོད་ལམ་ཤར་གཏོང་བཅས་བྱས་ཏེ་མང་ཚོགས་ཀྱི་བཟའ་བཏུང་དང་། ནད་བསྟེན་པ། སྨན་ཉོ་བ་སོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་གང་ཐུབ་བྱས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།