དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་དང་ཆབ་མདོ་གྲོང་ཁྱེར་གྱི་སྨན་བཅོས་རུ་ཁག་གིས་གཞིས་རྩེའི་ཆི་ལུའུ་མཐོ་རིམ་སློབ་འབྲིང་གི་སྒྲོམ་ཚང་སྨན་ཁང་ལ་བཅའ་སྡོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-04

    ཟླ་8ཚེས་31ཉིན། རང་སྐྱོང་ལྗོངས་སྨན་བཅོས་རུ་ཁག་དང་གཞིར་རྩེར་རོགས་སྐྱོར་བྱེད་མཁན་ཆབ་མདོ་གྲོང་ཁྱེར་གྱི་རིམས་འགོག་སྨན་བཅོས་རུ་ཁག་གི་སྨན་པ་དང་སྨན་ཞབས་པ་ཁག་དང་པོས་གཞིས་རྩེ་གྲོང་ཁྱེར་ཆི་ལུའུ་མཐོ་རིམ་སློབ་འབྲིང་གི་སྒྲོམ་ཚང་སྨན་ཁང་དུ་བཅའ་སྡོད་བྱས་པ་རེད།

    སྨན་བཅོས་རུ་ཁག་གཉིས་ལ་ཁྱོན་མི་གྲངས་100ཡོད་པ་དང་ཟླ་8ཚེས་30ཉིན་སྔ་རྗེས་སུ་གཞིས་རྩེར་འབྱོར་བ་རེད། ཟླ་8ཚེས་31ཉིན་རུ་ཁག་གཉིས་ཀྱིས་སྒྲོམ་ཚང་སྨན་ཁང་ནང་འཛུལ་བའི་འགོག་སྲུང་གསོ་སྦྱོང་ཚང་མ་ལེགས་སྒྲུབ་ཟིན་པ་དང་། ཆི་ལུའུ་མཐོ་རིམ་སློབ་འབྲིང་གི་སྒྲོམ་ཚང་སྨན་ཁང་Bཁུལ་ལ་ཁག་བགོས་བཅའ་སྡོད་བྱས་ནས་ཁུལ་དེའི་ནད་ཁྲི་890རྩིས་བླངས་པ་རེད།

    ཟླ་8ཚེས་31ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པ་ཙམ་ལ་སྨན་བཅོས་རུ་ཁག་གཉིས་ཀྱི་སྨན་པ་དང་སྨན་ཞབས་པའི་ཚོགས་ཆུང་དང་པོས་ཆེད་གཏོང་རླངས་འཁོར་བསྡད་དེ་ཆི་ལུའུ་མཐོ་རིམ་སློབ་འབྲིང་གི་སྒྲོམ་ཚང་སྨན་ཁང་ལ་བསྐྱོད་པ་དང་། སྒྲོམ་ཚང་སྨན་ཁང་གི་ལས་དོན་མི་སྣའི་སྣེ་ཁྲིད་འོག་སྒྲོམ་ཚང་ནང་འཛུལ་བའི་འགྲོ་ལུགས་དང་དེ་བཞིན་དོ་སྣང་བྱེད་དགོས་པའི་དོན་གནད་ཁོང་དུ་ཆུད་པ་བྱས་ནས་བཅའ་སྡོད་གྲ་སྒྲིག་བྱས་པ་རེད། སྨན་པ་བསོད་ནམས་རྡོ་རྗེས“ད་ཐེངས་ངས་རུ་མི་10ཁྲིད་དེ་སྒྲོམ་ཚང་དུ་བསྐྱོད་ཐེངས་དང་པོ་ཡིན། སྒྲོམ་ཚང་ནང་མ་འཛུལ་གོང་ང་ཚོས་འབྲེལ་ཡོད་འགོག་སྲུང་གསོ་སྦྱོང་ལེགས་སྒྲུབ་ཟིན་པ་ཡིན། ང་ཚོས་རང་ངོས་ཀྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་ནད་པ་དེ་བས་མང་པོར་རོགས་རམ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།