དབུ་ཤོག>ཆེད་སྒྲིག
  • རིམས་འགོག་གི་བླང་བྱ་འདི་དག་མཁྱེན་ནམ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-09-03

    ལག་པ་ཡང་སེ་བཀྲུ་དགོས། ལག་པ་བཙོག་པ་ཆགས་ན་བཀྲུ་དགོས། ཁ་ལག་མ་བཟོས་གོང་དང་། ཁ་ལག་མ་བཟས་གོང་། གསང་སྤྱོད་ལ་མ་ཕྱིན་གོང་བཅས་དང་། རྒན་རྒོན་དང་། བྱིས་པ། ནད་པ་བཅས་ལ་བདག་སྐྱོང་མ་བྱས་གོང་། ཁ་སྣ་དང་མིག་ལ་མ་རེག་གོང་བཅས་སུ་ལག་པ་བཀྲུ་བའམ་ཡང་ན་ལག་པར་དུག་སེལ་བྱེད་དགོས། ཕྱི་ནས་ཁྱིམ་དུ་ལོག་རྗེས་དང་། ནད་པར་ནད་གཡོག་རྒྱུག་རྗེས། གློ་རྒྱག་པའམ་ཧབ་སྦྲིད་བརྒྱབ་རྗེས། གཙང་སྦྲ་བྱས་རྗེས། གད་སྙིགས་གཙང་སེལ་བྱས་རྗེས། གསང་སྤྱོད་ལ་ཕྱིན་རྗེས། མྱུར་སྐྱེལ་ལ་ལག་པ་འཆང་རྗེས། གློག་སྐས་ཀྱི་མཐེབ་གནོན་དང་སྒོ་ལུང་སོགས་སྤྱི་སྤྱོད་སྒྲིག་ཆས་ལ་ལག་པ་འཆང་རྗེས་སུ་ལག་པ་བཀྲུ་བ་དང་དུག་སེལ་བྱེད་དགོས།

    ཚན་རིག་དང་མཐུན་པའི་ངང་ཁ་རས་རྒྱག་དགོས། གློག་སྐས་དང་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་པ་དང་། མི་ཚོགས་མང་བའི་ས་ཆར་སྐྱོད་སྐབས། ཁ་རས་ཡག་པོ་རྒྱག་དགོས། ཚ་བ་རྒྱག་པ་དང་། སྐམ་གློ་རྒྱག་པ། ཤུགས་མེད་པ། མིད་པ་ན་བ་སོགས་ཀྱི་ནད་རྟགས་ཐོན་ནས་སྨན་པ་བསྟེན་སྐབས་སྨན་བཅོས་ཁ་རས་སམ་ཡང་ན་རིམ་པ་དེ་ལས་མཐོ་བའི་ཁ་རས་རྒྱག་དགོས། ཁ་རས་དུས་ཐོག་ཏུ་བརྗེ་དགོས་པ་དང་ཁ་རས་གཅིག་བེད་སྤྱོད་བྱེད་པའི་དུས་ཚོད་རིང་ཤོས་ལའང་ཆུ་ཚོད་8ལས་བརྒལ་མི་རུང་།

    གློ་རྒྱག་སྐབས་དོ་སྣང་བྱེད་དགོས། གློ་རྒྱག་པ་དང་ཧབ་སྦྲིད་རྒྱག་སྐབས། ཤོག་བུས་ཁ་སྣ་འགེབས་དགོས། ཤོག་བུ་མེད་དུས་ལག་པའི་གྲུ་མོས་ཁ་སྣ་འགེབས་དགོས། བེད་སྤྱོད་བྱས་པའི་ཤོག་བུ་གང་བྱུང་དུ་གཡུག་མི་རུང་།

    འདུ་འཛོམས་ཉུང་ཙམ་བྱེད་དགོས། རིམས་ནད་ཐོན་རིང་འདུ་འཛོམས་ཉུང་ཙམ་བྱེད་པ་དང་། གཉེན་ཉེ་དང་ཐུག་འཕྲད་ཉུང་ཙམ་བྱེད་པ། གསོལ་སྟོན་དང་འདས་མཆོད་ལ་ཉུང་ཙམ་ཞུགས་པ། མི་མང་པོ་འདུ་འཛོམས་བྱེད་སར་མི་འགྲོ་བ་བཅས་བྱེད་དགོས།

    ཡ་རབས་ངང་ཁ་ལག་བཟའ་དགོས། ལྟོ་སྣོད་མཉམ་དུ་བེད་སྤྱོད་མི་བྱེད་པ་དང་། ཚལ་ཟ་སྐབས་སྤྱི་ཐུར་སྤྱོད་དགོས། ཟ་མ་ཁག་ཁག་ཟ་དགོས་པ། ཟ་ཁང་དུ་ཁ་ལག་ཟ་སྐབས་གང་ཐུབ་ཅི་ཐུབ་ཀྱིས་རང་ཉིད་ཀྱི་ལྟོ་སྣོད་གྲ་སྒྲིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།