དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་སློབ་ཆེན་གྱིས་རིམས་འགོག་ལས་དོན་འདི་ལྟར་སྤེལ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-02

    ཟླ་9ཚེས་1ཉིན། རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ཨུ་སློབ་སྤྱི་གཞོན་པ་པད་མ་ཚེ་རིང་གིས། ཉེ་དུས་བོད་ལྗོངས་སློབ་ཆེན་དུ་ཐོན་པའི་གདགས་གཤིས་ཅན་དང་། བོད་ལྗོངས་སློབ་ཆེན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་བྱེད་ཐབས་ཇི་ལྟར་སྤྱད་པ། དྲ་གྲོགས་ཀྱིས་བཏོན་པའི་བོད་ལྗོངས་སློབ་ཆེན་གྱི་ཟ་ཁང་གི་ཁ་ལག་གི་གནད་དོན་སོགས་ལ་ལན་བརྒྱབ་པ་རེད།

    111111.jpg

    པད་མ་ཚེ་རིང་གིས་ངོ་སྤྲོད་བྱས་དོན། ཟླ་8ཚེས་8ཉིན། ལྷ་ས་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་རིམས་ནད་ཐོན་པས། བོད་ལྗོངས་སློབ་ཆེན་གྱི་སློབ་གྲྭར་འགྲོ་མུས་སློབ་མ་ཁྲི་1ཙམ་གྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་ཁྱིམ་ཚང་ཁྲི་སྟོང་མང་པོས་སེམས་ཁྲལ་བྱེད་བཞིན་ཡོད། ཡིན་ནའང་ཚང་མ་སེམས་ཁྲལ་གནང་དགོས་མེད་དེ། སློབ་གྲྭས་འཕྲལ་མར་བཀག་སྡོམ་དོ་དམ་བྱས་པས། ཟླ་8ཚེས་17ཉིན་བར་ཉིན་10བསྟུད་མར་རིམས་ནད་ཐོན་མེད། ཟླ་8ཚེས་18ཉིན་སློབ་གྲྭར་ཉིང་སྐྱུར་བརྟག་དཔྱད་ཀྱི་འབྲས་བུ་གདགས་གཤིས་ཅན་གྱི་སློབ་མ་དང་པོ་དེ་ཐོན་པས། འཕྲལ་དུ་འཕྲལ་སྡོམ་ཐག་གཅོད་ཀྱི་ལམ་སྲོལ་སྤེལ་འགོ་བཙུགས་ཏེ། སློབ་གྲྭ་ཡོངས་སུ་འཇགས་སྡོད་དོ་དམ་བྱས་པ་ཡིན། མིག་སྔའི་བར་བོད་ལྗོངས་སློབ་ཆེན་དུ་ནད་གཞི་ལྕི་བའི་ནད་དཔེ་གཅིག་ཀྱང་ཐོན་མེད་པ་དང་། རྔ་ཆེན་སློབ་ཁུལ་དང་ལྦ་པ་གླིང་སློབ་ཁུལ་དུ་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་པའི་སློབ་མ་མང་དུ་ཕྱིན་པ་སྤྱིར་ན་བཀག་སྡོམ་དོ་དམ་ཁུལ་ནས་ཐོན་པ་དང་། ནོར་བུ་གླིང་ཁའི་གསོ་རིག་སློབ་གླིང་སློབ་ཁུལ་དང་ནོར་བུ་གླིང་ཁའི་ནོར་དཔལ་སློབ་གླིང་སློབ་ཁུལ་དུ་ད་བར་རིམས་ནད་ཐོན་མེད་པ་དང་། སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་སྤྱིར་ཚོད་འཛིན་ཐུབ་ཡོད།

    བོད་ལྗོངས་སློབ་ཆེན་གྱིས་སློབ་གྲྭར་བཀག་སྡོམ་དོ་དམ་ནན་པོ་བྱས་ནས་གདགས་གཤིས་ཅན་གྱི་སློབ་མ་དང་། ཐད་འབྲེལ་སློབ་མ། སློབ་མ་དཀྱུས་མ་བཅས་ལ་རིམ་དབྱེ་ལོགས་འཇོག་གི་བཀག་སྡོམ་དོ་དམ་བྱེད་ཐབས་སྤྱད་ཡོད།

    སློབ་གྲྭའི་ནང་དུ་དུག་སེལ་ལ་ཤུགས་སྣོན་བརྒྱབ་ནས། ལྷ་ས་གྲོང་ཁྱེར་མེ་ཟོན་ཉིང་ལག་རུ་ཁག་དང་། ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག དགུང་སྔོན་རོགས་སྐྱོབ་རུ་ཁག་སོགས་ཆེད་ལས་ཚན་པ་དང་མཐུན་སྦྱོར་བྱས་ནས་སློབ་གྲྭའི་ནང་དུ་དུག་སེལ་བྱས་པ་མ་ཟད། སློབ་གྲྭའི་ནང་གི་དུག་སེལ་དཔུང་ཁག་སྒྲིག་འཛུགས་བྱས་ཏེ་སློབ་གྲྭའི་ལམ་ཆེན་དང་། སློབ་མའི་ཉལ་ཁང་ཁུལ། གདགས་གཤིས་ཅན་གྱི་སློབ་མའི་ཉལ་ཁང་། ཟ་ཁང་། སྐས་འཛེག་དང་བར་ཁྱམས་སོགས་སུ་དུས་བཀག་ལྟར་དུག་སེལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།