ཟླ་8ཚེས་31ཉིན། གཞིས་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་གསལ་བརྡ་བཏང་ནས། ཟླ་9ཚེས་1ནས་ཚེས་3ཉིན་བར་གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་ལ་དུག་སེལ་བྱེད་ཀྱི་ཡིན་ཞེས་བསྟན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དུག་སེལ་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་9:00ནས་18:00བར་ཡིན་པ་དང་། དུག་སེལ་བྱ་ཡུལ་ནི་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ་དང་། སློབ་གྲྭ། དགོན་སྡེ། ཕན་བདེ་ཁང་། རྒན་གསོ་ཁང་། སྤྱི་པའི་འགྲིམ་འགྲུལ་འཕྲུལ་ཆས། གནམ་ཐང་། མེ་འཁོར་འབབ་ཚུགས། འགྲུལ་སྐྱེལ་འབབ་ཚུགས། སྨན་བཅོས་སྒྲིག་གཞི(སྒྲོམ་ཚང་སྨན་ཁང) ལོགས་སུ་འཇོག་ཡུལ། མགྲོན་ཁང་། ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་ར། ཚོང་ཁང་དང་སྒོ་རྩིས་ཚོང་ར། གྲང་ཕྲེང་བཟའ་བཅའི་ཁེ་ལས། སྤྱི་པའི་གསང་སྤྱོད། ཟ་ཁང་དང་བཏུང་བྱ་ཁང་སོགས་ཡིན་པ་རེད། ཉིན་གསུམ་རིང་གི་གཅིག་སྡུད་དང་ཁྱོན་ཡོངས་ཀྱི་དུག་སེལ་ཚར་རྗེས། མུ་མཐུད་རྣམ་ཀུན་ལྟར་དུག་སེལ་བྱེད་མཁན་རེད།
དོ་སྣང་བྱ་ཡུལ།
དུག་སེལ་བྱེད་རིང་། རྒྱ་ཆེའི་གྲོང་མི་ཚོས་གཞོགས་འདེགས་ཧུར་ཐག་བྱས་ནས། སྒོ་དང་སྒེའུ་ཁུང་རྒྱག་པ་དང་། བཀོད་སྒྲིག་དང་ལེན། སྒེར་གྱི་འགོག་སྲུང་ཡག་པོ་བཅས་བྱེད་དགོས། གལ་ཏེ་མིག་དང་། ཁ། ལག་པ་སོགས་ལ་དུག་སེལ་སྨན་ཆུ་འཐོར་ཚེ། ཡིན་གཅིག་མིན་གཅིག་དུས་ཐོག་ཏུ་ཆུ་གཙང་མས་ཆུ་བཤལ་གཏོང་དགོས།