དབུ་ཤོག>ཆེད་སྒྲིག
  • རིམས་ནད་ཐོན་རིང་མང་ཚོགས་ཀྱིས་རིམས་འགོག་ལས་དོན་མི་སྣར་གཞོགས་འདེགས་བྱས་ཏེ་ལས་ཀ་གང་དག་བསྒྲུབ་དགོས་སམ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-09-01

    རིམས་ནད་ཐོན་རིང་། གཅིག་ནས་རིམས་དཔྱད་བྱེད་སྐབས་གཞོགས་འདེགས་ཡག་པོ་བྱེད་དགོས། སྤྱི་དམངས་ཀྱིས་རིམས་དཔྱད་ལས་དོན་མི་སྣ་དུད་ཚང་དུ་ཡོང་ནས་རིམས་དཔྱད་བྱེད་པའམ་ཡང་ན་ཁ་པར་ནས་རིམས་དཔྱད་བྱེད་སྐབས་གཞོགས་འདེགས་ཧུར་ཐག་བྱས་ནས་རིམས་དཔྱད་མི་སྣར་དོན་དངོས་དང་ཞིབ་ཅིང་ཕྲ་བའི་ཆ་འཕྲིན་མཁོ་འདོན་བྱེད་དགོས། གཉིས་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་གཞོགས་འདེགས་ཡག་པོ་བྱེད་དགོས། “བརྟག་དཔྱད་བྱེད་དགོས་རིགས་བརྟག་དཔྱད་ཐུབ་པའི”འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག གནས་ཡུལ་བཤེར་རྟགས་བཤེར་བ་དང་ཚ་བ་ལྟ་སྐབས་གཞོགས་འདེགས་ཡག་པོ་བྱེད་པ་དང་ཚ་བ་རྒྱས་པ་དང་། སྐམ་གློ་རྒྱག་པ། ལུས་པོར་ཤུགས་མེད་པ། མིད་པ་ན་བ། རྫི་གསང་པོ་མེད་པ། གྲོད་ཁོག་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་གཞོགས་འདེགས་ཡག་པོ་བྱས་ཏེ་སྙན་སེང་ཞུ་དགོས། ཁྱིམ་དུ་ལོགས་བཀར་བྱས་ཏེ་གསོ་རིག་ལྟ་ཞིབ་དང་ཁྱིམ་དུ་བསྡད་ནས་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་དགོས་པའི་མི་སྣས་འབྲེལ་ཡོད་བླང་བྱ་གཞིར་བཟུང་གཞོགས་འདེགས་ཡག་པོ་བྱས་ཏེ་ལོགས་བཀར་སྡོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།