དབུ་ཤོག>ཆེད་སྒྲིག
  • རིམས་ནད་ཐོན་རིང་ཁྱིམ་ཚང་གི་ཟས་རིགས་བདེ་འཇགས་ལ་འགན་ལེན་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-09-01

    རིམས་ནད་ཐོན་རིང་། བདེ་འཇགས་འཚོ་བཅུད་ཀྱི་བཟའ་བཏུང་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། ཟས་ཁུངས་རང་བཞིན་གྱི་ནད་རིགས་ལ་སྔོན་འགོག་བྱ་ཆེད། ཚད་ལྡན་གྱི་ཚོང་ཁང་དང་ཁྲོམ་ར་བདམས་ནས་ཟས་རིགས་ཉོ་བ་ལས་ཡོང་ཁུངས་མི་གསལ་བའི་ཟས་རིགས་མི་ཉོ་བ་དང་། དྲ་ཐོག་ནས་ཟས་རིགས་ཉོ་སྐབས་གཟབ་ནན་བྱས་ཏེ་ཐོབ་ཐང་ཡོད་པའི་ལས་སྟེགས་ནས་ཉོ་དགོས། ཁྱིམ་དུ་ཉར་ཚགས་བྱས་པའི་ཟས་རིགས་ཀྱི་ཐོན་རྫས་ཀྱི་མིང་དང་། ཚད་གཞི། ཐོན་སྐྱེད་དུས་ཚོད། སྤུས་ཚད་འགན་ལེན་དུས་ཡུན། འཚོ་བཅུད་ཀྱི་གྲུབ་ཆ་གཙོ་བོ་དང་དེའི་འདུས་ཚད། བཟའ་རྒྱུར་འཛེམ་དགོས་པའི་མི་ཚོགས། གསོག་ཉར་བྱེད་པའི་ཆ་རྐྱེན་སོགས་འབྲེལ་ཡོད་ཤོག་བྱང་གི་ཆ་འཕྲིན་ལ་ཞིབ་ཚགས་ལྟ་དགོས། མ་ཟས་གོང་ལ་གཟབ་ནན་གྱིས་ཞིབ་བཤེར་བྱེད་དགོས་པ་ལས་དུས་ཚོད་ཡོལ་བའི་ཟས་རིགས་ཟ་མི་རུང་བ་དང་། གཞན་ཡང་ཟས་རིགས་རུལ་བ་དང་། དྲི་ངན་བྲོ་བ། ཕྱི་ངོས་འབྱར་བ། ཁ་དོག་རྒྱུན་ལྡན་མིན་པ་སོགས་ཀྱི་གནས་ཚུལ་ཡོད་ཚེ་བཟས་ན་ཟས་དུག་ཕོག་པའི་ཉེན་ཁ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།