དབུ་ཤོག>ཆེད་སྒྲིག
  • འདུ་འཛོམས་བྱ་ཡུལ་དུ་དུག་སེལ་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-09-01

    1.སྨན་ཁང་དང་། གནམ་ཐང་། མེ་འཁོར་བབས་ཚུགས་སོགས་མི་ཚོགས་འདུ་འཛོམས་ཆེ་བའི་ཁོར་ཡུག་གི་སྒྲིག་ཆས་ཀྱི་ངོས་ལ་དུག་སེལ་ཡང་ཡང་བྱེད་དགོས།

    2.རེག་མང་བའི་སྒོའི་ལག་འཇུ་དང་གློག་སྐས་ཀྱི་མཐེབ་གནོན་སོགས་ལ་གཙང་སྦྲ་དང་དུག་སེལ་ཡང་ཡང་བྱེད་དགོས།

    3.སློབ་གྲྭའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ལྷག་པར་དུ་སློབ་ཁང་དང་། ཟ་ཁང་། ཉལ་ཁང་། གསང་སྤྱོད། ཁ་ངོ་བཀྲུ་ས་བཅས་ཀྱི་ཁོར་ཡུག་ལ་གཙང་སྦྲ་བྱེད་ཤུགས་ཆེ་རུ་བཏང་ནས། གཙང་སྦྲ་བྱེད་རྒྱུ་གཙོ་བོར་བཟུང་བའི་ཐོག་སྔོན་འགོག་གི་དུག་སེལ་བྱས་ཏེ་ཕྲུ་གུ་ཚོའི་ལག་པ་གཙང་མ་ཡོང་བ་བྱེད་དགོས།

    4.རྫས་འགྱུར་གྱི་དུག་སེལ་སྨན་གྱིས་ཁང་པའི་ནང་གི་མཁའ་རླུང་ལ་དུག་སེལ་བྱེད་སྐབས་ངེས་པར་དུ་མི་མེད་པའི་སྐབས་སུ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།