དབུ་ཤོག>ཆེད་སྒྲིག
  • ཁྱིམ་དུ་སྡོད་སྐབས་སྒྲུབ་དགོས་པའི་འཕྲོད་བསྟེན་ལས་དོན་འགའ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-09-01

    རླུང་འགྲོ་ཡག་པོ་ཡོད་དགོས།

    གནམ་གཤིས་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་ཉིན་ལྟར་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཐེངས་2ནས་3བར་བྱེད་པ་དང་སྒེའུ་ཁུང་ཆུ་ཚོད་ཕྱེད་ཀ་ཙམ་ཕྱེ་དགོས།

    ལག་པ་ཡང་སེ་ཁྲུས་དགོས།

    ཕྱི་ནས་ཁྱིམ་དུ་སླེབས་སྐབས་ངེས་པར་དུ་ལག་པ་ཁྲུས་དགོས།

    སྦགས་བཙོག་འགོ་སྲིད་པའི་དངོས་པོར་རེག་རྗེས་ངེས་པར་དུ་ལག་པ་བཀྲུ་བའམ་ཡང་ན་དུག་སེལ་གཤེར་ཁུས་ལག་པར་དུག་སེལ་བྱེད་དགོས།

    གྱོན་གོས་བརྗེ་དགོས།

    ཕྱི་ལ་གྱོན་པའི་གྱོན་ཆས་རྟག་ཏུ་བརྗེ་པོ་རྒྱག་པ་དང་། དགོས་ངེས་སྐབས་སུ་ཆུ་ཁོལ་མས་དུག་སེལ་བྱེད་པའམ་ཡང་ན་ཐོན་རྫས་ཀྱི་གསལ་བཤད་ལ་གཞིགས་ཏེ་དུག་སེལ་གཤེར་ཁུ་84སོགས་ནང་སྦངས་ནས་དུག་སེལ་བྱེད་དགོས།

    ཁྱིམ་ཚང་གི་ཅ་དངོས་ལ་གཙང་སྦྲ་ཡག་པོ་བྱེད་དགོས།

    སྒོ་དང་སྒྲོག་ཙེའི་ངོས་སོགས་ལག་པ་རྟག་ཏུ་འཆང་སར་ཉིན་ལྟར་ཕྱི་བདར་བྱེད་དགོས་པ་དང་དགོས་ངེས་སྐབས(གལ་ཏེ་ཁྱིམ་དུ་མགྲོན་པོ་སོགས་སླེབས་ཚེ)ཐོན་རྫས་ཀྱི་གསལ་བཤད་ལ་གཞིགས་ཏེ་ཅིའུ་ཅིང་ངམ་ཡང་ན་དུག་སེལ་གཤེར་ཁུ་84སོགས་ཀྱིས་ཕྱིས་ཏེ་དུག་སེལ་བྱེད་དགོས།

    དུས་བཀག་ལྟར་བཟའ་བཅའི་སྣོད་ཆས་ལ་དུག་སེལ་བྱེད་དགོས།

    ལྷག་པར་དུ་ཁྱིམ་དུ་མགྲོན་པོ་སླེབས་རྗེས་དུག་སེལ་བྱེད་དགོས་པའི་བཟའ་བཅའི་སྣོད་ཆས་དག་ཆེད་སྤྱོད་ཀྱི་སྣོད་ཆས་ནང་སྐར་མ་15ཡན་བཙོ་དགོས།

    ཁ་ལུད་སྣ་ལུད་གཙང་སེལ་ཡག་པོ་བྱེད་དགོས།

    ནང་མིས་གློ་རྒྱག་པ་དང་ཧབ་ཆི་རྒྱག་སྐབས་ཤོག་བུས་ཁ་དང་སྣ་ཁུང་འགེབས་དགོས་པ་དང་། སྤྱད་ཟིན་པའི་ཤོག་བུ་སོགས་ཀྱི་གད་སྙིགས་སྙིགས་སྣོད་གཞན་ཞིག་ནང་བླུགས་རྗེས་དུས་ཐོག་ཏུ་གཙང་སེལ་བྱེད་དགོས་ལ། ཁྱིམ་ཚང་གི་ནང་མི་གཞན་དག་ལ་རེག་ཏུ་འཇུག་མི་རུང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།