དབུ་ཤོག>ཆེད་སྒྲིག
  • སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཞེས་པར་གོ་བ་འདི་འདྲ་ལེན་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-31

    ཚེས་28ཉིན། རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཀྲང་ཀེང་ཡུན་གྱིས“སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ”དང“སྐབས་བསྟུན་གཙང་བཟོ”ཞེས་པ་གང་ཡིན་པ་དང་། “སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་བྱས་རྗེས་རིམས་འགོག་གི་ལས་དོན་ལ་ད་དུང་དོ་སྣང་བྱེད་དགོས་པ་གང་དག་ཡོད་པ”སོགས་ཀྱི་ཐད་ཁྱོན་ཡོངས་ནས་འགྲེལ་བཤད་གནང་འདུག

    1.jpg

    སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཞེས་པ་ནི་མིག་སྔར་སྡེ་ཁུལ་དུ་རིམས་ནད་མཆེད་ལམ་གཞི་རྩའི་ཆ་ནས་བཀག་པ་དང་། དེའི་རྗེས་སུ་ཤེས་རྟོགས་ཐུབ་པའི་ནད་པ་མང་དུ་ཕྱིན་པ་ཚང་མ་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཡིན་པ་རེད། དེར་བརྟེན་གཅིག་སྡོད་ལོགས་བཀར་མི་སྣ་དང་། ཁྱིམ་སྡོད་ལོགས་བཀར་མི་སྣ། ཉེན་ཁ་ཆེ་བའི་ཁུལ་གྱི་ཡུལ་མི། བཀག་སྡོམ་དོ་དམ་གྱི་གཙོ་གནད་མི་ཚོགས་ཕུད་པའི་མི་ཚོགས་ལ་ཏོག་གསར་གློ་ཚད་གསར་པ་འགོས་མེད་པར་གོ་བ་ལེན་དགོས།

    སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་མངོན་འགྱུར་བྱེད་པ་ནི་གོམ་སྟབས་རྗེས་མར་བཀག་སྡོམ་བྱེད་མཚམས་འཇོག་པར་ཆ་རྐྱེན་བཟང་པོ་བསྐྲུན་པ་ཞིག་རེད། “སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ”བྱེད་ཐུབ་ཀྱང་ཉེན་ཁ་རྦད་དེ་བསལ་བ་མཚོན་གྱི་མེད།

    སྐབས་བསྟུན་གཙང་བཟོ་ཞེས་པའི“སྐབས་བསྟུན”ནི། ནད་དཔེ་གཅིག་ཤེས་རྟོགས་ཐུབ་ན་དེ་སྨན་བཅོས་བྱས་ཏེ། རིམས་ནད་ཤུགས་ཆེན་པོ་བསྐྱར་ལོག་མི་ཐེབས་པའི་མཐའ་ཚད་སྲུང་རྒྱུ་དེ་རེད། “གཙང་སེལ”ལ་ནང་དོན་གསུམ་འདུས་པ་སྟེ། “ནད་དུག”གཙང་སེལ་དང་། “ནད་དཔེ”གཙང་སེལ། “རིམས་ནད”གཙང་སེལ་བཅས་རེད། ད་ལྟའི་དུས་མཚམས་སུ“གཙང་སེལ”ཞེས་པ་ནི་རིམས་ནད་གཙང་སེལ་ལ་གོ་དགོས། སྐབས་བསྟུན་གཙང་སེལ་ནི་རང་རྒྱལ་གྱི་མིག་སྔའི་རིམས་ནད་དུས་བབ་ཀྱི་གདམ་ག་ཡག་ཤོས་དང་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི་གདམ་ག་ཡག་ཤོས་རེད་ལ། དེ་བས་རིམས་ནད་ཁྱབ་མཆེད་འགྲོ་ཚུལ་གང་མགྱོགས་འགོག་པའི་འགག་རྩའི་བྱ་ཐབས་ཤིག་ཀྱང་རེད།

    “སྤྱི་ཚོགས་ཐོག་གི་རིམས་ནད་གཙང་སེལ”བྱས་ཟིན་ཀྱང་བཀག་སྡོམ་བྱེད་མཚམས་རྦད་དེ་མཇུག་འགྲིལ་བ་མཚོན་མེད་པས། གྲོང་མི་ཚོས་སྔར་བཞིན་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ། རང་འགུལ་དང་རང་རྟོགས་ངང་ཉིང་སྐྱུར་བརྟག་དཔྱད་དང་། ནད་འགོག་གཞི་རྟེན་བརྟག་དཔྱད། བདེ་ཐང་བརྟག་དཔྱད་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ཏེ་རིམས་ནད་བསྐྱར་ལོག་མི་ཐེབས་པ་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་པར། སྔར་བཞིན་དོགས་ཟོན་ཆེར་སྐྱེད་བྱེད་དགོས་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ལ་མུ་མཐུད་སྐུལ་འདེད་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་རིམས་འགོག་ལས་དོན་ལ་ད་དུང་ཤུགས་སྣོན་རྒྱག་དགོས་པ་སྟེ།

    གཅིག་ནི་གཙོ་གནད་ས་ཆ་དང་། གཙོ་གནད་ལས་ཁུངས། གཙོ་གནད་མི་ཚོགས་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

    གཉིས་ནི་གཙོ་གནད་ཐོག་དོ་དམ་ཚོད་འཛིན་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དོ་ཁུར་བྱེད་དགོས།

    གསུམ་ནི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་དགོས།

    བཞི་ནི་རྒྱ་ཆེའི་གྲོང་མི་གྲོགས་པོ་དང་ལས་བྱེད་པ་དང་མང་ཚོགས་ཚོས་སྔར་རྒྱུན་བཞིན་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ། ཉིང་སྐྱུར་བརྟག་དཔྱད་དང་བདེ་ཐང་བརྟག་དཔྱད་སོགས་ཀྱི་བླང་བྱ་རང་རྟོགས་དང་རང་འགུལ་ངང་དོན་འཁྱོལ་བྱས་ནས། རིམས་ནད་བསྐྱར་ལོག་མི་ཐེབས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།