དབུ་ཤོག>ཆེད་སྒྲིག
  • ཆབ་མདོའི་སྨན་དོན་མི་སྣ་80གཞིས་རྩེར་རོགས་སྐྱོར་བྱེད་པར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-31

    ཟླ་8ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་8པ་ཙམ་ལ་སྨན་དོན་དང་ལས་དོན་མི་སྣ་80ལས་གྲུབ་པའི་རིམས་འགོག་སྨན་བཅོས་རུ་ཁག་ཆབ་མདོའི་ཐོག་བརྩེགས་ཁང་ཆེན་གྱི་འོག་ཏུ་འཛོམས་ནས་རྡོག་ཐོན་གྱི་གྲ་སྒྲིག་ཨང་བསར་བྱས།

    སྔ་དྲོའི་ཆུ་ཚོད་9པར“རིམས་འགོག་སྨན་བཅོས་རུ་ཁག་གི་ཁོངས་མི་ཚོ་རླངས་འཁོར་ནང་འཛུལ་ནས་རྡོག་ཐོན་གནང་རོགས”ཞེས་པའི་བཀའ་ཕབ་མ་ཐག་སྨན་བཅོས་རུ་ཁག་གི་རུ་མི་ཚོ་གོ་རིམ་ལྡན་པའི་ངང་རླངས་འཁོར་དུ་འཛུལ། ཁོང་ཚོ་ནི་གཞིས་རྩེ་གྲོང་ཁྱེར་དུ་བསྐྱོད་ནས་ས་གནས་དེ་གའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རོགས་སྐྱོར་བྱེད་མཁན་རེད། ཁོང་ཚོ་དང་མཉམ་དུ་ད་དུང་རིམས་འགོག་དངོས་རྫས་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་4ཡོད་པའི་ནང་སྒོར་ཁྲི་118རི་བའི་དམངས་འཚོའི་དངོས་རྫས་དང་སྒོར་ཁྲི་40རི་བའི་སྨན་བཅོས་དངོས་རྫས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་དང་དེ་བཞིན་གྲོང་ཁྱེར་རིམ་པའི་སྨན་ཁང་ཁག་གིས་དང་ལེན་ཧུར་ཐག་ཞུས་ནས་མགྱོགས་མྱུར་ཆབ་སྲིད་བསམ་བློ་ཉམས་སད་ཐེག་ཐུབ་པ་དང་། གཟུགས་གཞི་ཐང་བ། ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ཀྱི་རྐང་འཛིན་སྟོབས་ཤུགས་བདམས་ཏེ་དུས་ཚོད་ཐུང་ཤོས་ནང་མི་80ལས་གྲུབ་པའི་རིམས་འགོག་སྨན་བཅོས་རུ་ཁག་གིས་གཞིས་རྩེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་རོགས་སྐྱོར་བྱེད་པར་བཏང་བའི་ནང་དོ་དམ་ཚོགས་པ་དང་། སྨན་བཅོས། ནད་སྐྱོང་། སྨན་ཁང་འགོ་ནད་ཁོའོ། རྒྱབ་ཕྱོགས་མཁོ་སྒྲུབ་སོགས་ཀྱི་མི་སྣ་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།