དབུ་ཤོག>ཆེད་སྒྲིག
  • གཞིས་རྩེས་མི་659ལ་གཟེངས་བསྟོད་བྱས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-30

    རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོས་ཡིད་ཆེས་ཆེར་སྐྱེད་དང་མུ་མཐུད་འབད་འཐབ་བྱེད་པར་ལྕག་སྐུལ་སྔར་བས་བྱ་ཆེད། གཞིས་རྩེ་གྲོང་ཨུད་ཀྱིས་ཕུལ་བྱུང་མི་སྒེར་659ལ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོས་གཟེངས་བསྟོད་ཐོབ་པའི་བློ་མཐུན་མིག་དཔེར་བཟུང་ནས། རིམས་ནད་ལ་འཐབ་རྩོད་བྱེད་པའི་སེམས་ཤུགས་སྔར་བས་འཕེལ་བར་བྱེད་པ་དང་། ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དང་། འགག་སྒྲོལ་དམག་འཐབ། ཚར་གཅོད་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་འབོད་སྐུལ་བྱས་འདུག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།