དབུ་ཤོག>ཆེད་སྒྲིག
  • ལྷ་སའི་སྤྱི་ཚོགས་ཐོག་གི་རིམས་ནད་སྤྱིར་ན་གཙང་བཟོ་ཐུབ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-29

    ད་གིན་རང་། ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་སྤྱི་བསྒྲགས་སྤེལ་ནས། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གདགས་གཤིས་ཅན་གྱི་ནད་དཔེ་མང་དུ་སོང་བ་ཚང་མ་ཉེན་ཁ་ཆེ་བའི་ཁུལ་དང་། གཅིག་སྡུད་ལོགས་འཇོག་བྱ་ཡུལ། བཀག་སྡོམ་དོ་དམ་བྱས་པའི་མི་སྣ་བཅས་ཀྱི་ཁྲོད་ནས་ཤེས་རྟོགས་བྱུང་བ་དང་། སྤྱི་ཚོགས་ཐོག་གི་རིམས་ནད་འགོ་ལམ་སྤྱིར་ན་བཀག་ཟིན་པས། རིགས་གཅིག་མཁས་ཅན་གྱིས་ཞིབ་འཇུག་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་ཐོག་གི་རིམས་ནད་སྤྱིར་ན་གཙང་བཟོ་ཐུབ་ཡོད། ཆེད་མངགས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག

    འདིར་རྩོམ་སྒྲིག་པས་དྲན་སྐུལ་ཞུ་རྒྱུར།

    མིག་སྔར། སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་རུང་། དེས་རིམས་ནད་རྦད་དེ་མེད་པ་བཟོ་ཐུབ་པ་མཚོན་གྱི་མེད། ཚང་མས་རང་རྟོགས་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་མཐའ་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་ཁ་རས་རྒྱག་པ་དང་། ལག་པ་འཁྲུད་པ། རླུང་འགྲོ་ཡག་པོ། འདུ་འཛོམས་མི་བྱེད་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ལ་རང་འགུལ་ངང་གཞོགས་འདེགས་དང་དོན་འཁྱོལ་གྱིས་དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་སྐུར་བ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།