དབུ་ཤོག>ཆེད་སྒྲིག
  • ལྷ་སའི་ས་ཆ་འདི་དག་ལ་རིམས་ནད་གཙང་བཟོ་ཐུབ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-29

    ཟླ་8ཚེས་27ཉིན། ལྷ་ས་གྲོང་ཁྱེར་གྱི་ཆུ་ཤུར་རྫོང་དང་། མལ་གྲོ་གུང་དཀར་རྫོང་། སྙེ་མོ་རྫོང་། སྣེའུ་ཁུལ་གསར་བཅས་སུ་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་རྗེས། ཟླ་8ཚེས་28ཉིན། སྟོད་ལུང་བདེ་ཆེན་ཆུས་དང་། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། རིག་གནས་བསམ་བཀོད་གླིང་བཅས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་སྤྱི་བསྒྲགས་སྤེལ་ནས། རིགས་གཅིག་མཁས་ཅན་གྱིས་ཞིབ་འཇུག་བྱས་པ་བརྒྱུད། སྟོད་ལུང་བདེ་ཆེན་ཆུས་དང་། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། རིག་གནས་བསམ་བཀོད་གླིང་བཅས་ཀྱི་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་བས། གོ་རིམ་ལྡན་པའི་ངང་སྤྱི་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཐུབ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་འདུག  

    འདིར་རྩོམ་སྒྲིག་པས་ཁ་སྔོན་ཞུས་པ་ནང་བཞིན། སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་བ་དེས་རིམས་ནད་རྦད་དེ་མེད་པ་བཟོ་ཐུབ་པ་མཚོན་གྱི་མེད། དེར་བརྟེན། ཚང་མས་མུ་མཐུད་ནས་རིམས་འགོག་ལས་དོན་གྱི་སྲིད་ཇུས་ཁག་ལ་སྲུང་བརྩི་ནན་པོ་ཞུ་བ་དང་སྦྲགས། ཁ་རས་རྒྱག་པ་དང་། འཛོམས་འཛོམས་མི་བྱེད་པ་སོགས་བྱས་ནས། གང་མགྱོགས་རང་རེའི་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་བར་ཤུགས་རྒྱོབ་རོགས་གནང་། ང་ཚོ་ཚང་མའི་འབད་བརྩོན་འོག་དམིགས་ཚད་དེ་མགྱོགས་མྱུར་འགྲུབ་རྒྱུ་ཡིན་པ་ཡིད་ཆེས་བརྟན་པོ་ཡོད་ཅེས་ཞུ་རྒྱུ་ཡིན། 


    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།