དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་ཀྱིས་ཁྲལ་སློག་ཁྲལ་འཕྲིའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-29

    རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་ལེན་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་བསྡུའི་འགན་ནུས་ལ་གཞི་ཚུགས་ནས་ཁྲལ་སློག་ཁྲལ་འཕྲིའི་ལས་དོན་དོན་འཁྱོལ་ཡག་པོ་ཡོང་བར་སྐུལ་འདེད་བཏང་ཡོད། ཟླ་8ཚེས་8ནས་25ཉིན་བར་ལྗོངས་ཡོངས་སུ་ཚབ་འཕྲི་ཁྲལ་སློག་ཐེངས་62བྱས་པ་དང་དཔྱ་ཁྲལ་སྒོར་ཁྲི་1277.08སློག་ཡོད་པ་རེད།

    “རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་པས། ངའི་བསམ་པར་ལས་སྒོ་གཉེར་ཐུབ་ཀྱི་མ་རེད་སྙམ་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཁྲལ་དོན་སྡེ་ཚན་གྱིས་ང་ལ་དྲ་ཐོག་ནས་ཁྲལ་རིན་སློག་པའི་ལས་སྒོ་གཉེར་ན་འགྲིག་ཅེས་བརྗོད་པ་མ་ཟད། ད་དུང་དྲ་ཐོག་ནས་ང་ལ་ལས་སྒོ་ཇི་ལྟར་གཉེར་དགོས་མིན་བསླབས་བྱུང་། དངོས་གནས་ཧ་ཅང་ཡག་པོ་འདུག”ཅེས་འཕར་ཁྲལ་གྱི་ཚབ་འཕྲི་ཁྲལ་སློག་གི་ཁྲལ་རིན་སྒོར་ཁྲི་40ལྷག་འབྱོར་རྗེས་མཐོ་བརྩོན་འབར་གཏོར་ལས་གྲྭ་ཚད་ཡོད་ཀུང་སིའི་འགན་འཁུར་བས་གསར་འགོད་པར་འདི་ལྟར་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།