དབུ་ཤོག>ཆེད་སྒྲིག
  • མངའ་རིས་ས་ཁུལ་གྱིས་ཉེན་ཁའི་མངོན་མེད་རྐྱེན་ངན་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-29

    གསར་འགོད་པར་མངའ་རིས་ས་ཁུལ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་ཆེད། མངའ་རིས་ས་ཁུལ་གྱིས་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་རྒྱུན་མཐུད་ངང་ཕྱོགས་ཡོངས་ནས་གྲལ་བཤེར་དང་། རིམས་ནད་དང་འབྲེལ་བའི་མི་སྣར་གྲལ་བཤེར་དང་དོ་དམ་ཚོད་འཛིན་ཡག་པོ་བྱེད་པ། ལོགས་བཀར་ས་ཚིགས་སུ་དོ་དམ་ནན་པོ་བྱེད་པ། སྨན་ཁང་གི་འགོ་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། སྨན་བཅོས་སྐྱོབ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པ་དང་ཆབས་ཅིག བཀག་སྡོམ་གློད་ཀྱང་སྔོན་འགོག་བྱེད་མཚམས་མི་འཇོག་པ་དང་། གཙོ་གནད་ལྷུ་ཚིགས་ལ་དམ་པོར་དམིགས་པ། སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་པ། “ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་པ་བཅས་བྱས་ནས། ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་བརྟན་དུ་ཏན་ཏིག་གཏོང་བཞིན་ཡོད་པ་རེད།

    རིམས་ནད་ཐོན་པ་ནས་བཟུང་། མངའ་རིས་ས་ཁུལ་གྱི་སྨན་དོན་མི་སྣ་དང་། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། ལས་ཁུངས་ཀྱི་ལས་བྱེད་པ། སྡེ་ཁུལ་གྱི་ལས་དོན་པ། དང་བླངས་པ་སོགས་མི་ཁྲི་1.5ལྷག་ཙམ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ནང་ཞུགས་ཡོད། ས་ཁུལ་དེ་ཡོངས་སུ་རིམ་རྩིས་བྱས་ན་མི་ཐེངས་ཁྲི་112.62ལྷག་ཙམ་གྱི་ཉིང་སྐྱུར་མ་དཔེ་བླངས་པ་དང་གནས་གཏན་འཁེལ་གྱི་སྐྱོབ་བཅོས་སྨན་ཁང་1དང་སྒྲོམ་ཚང་སྨན་ཁང་5བཀོད་སྒྲིག་བྱས་ཡོད། མིག་སྔའི་བར་ད་ཐེངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དེ་ནི་རྒྱ་ཆེའི་སྨན་དོན་མི་སྣ་དང་། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། ལས་ཁུངས་ཀྱི་ལས་བྱེད་པ། སྡེ་ཁུལ་གྱི་ལས་དོན་པ། དང་བླངས་པ་བཅས་དང་དེ་བཞིན་མངའ་རིས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་ལས་བྱུང་བ་ཞིག་རེད།

    མངའ་རིས་ས་ཁུལ་གྱིས་རྣམ་གྲངས་ཁག་བསྐྱར་དུ་ལས་འགོ་འཛུགས་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཐད“ཏང་སྲིད་ཀྱིས་འགོ་ཁྲིད་པ་དང་། ཁྲིམས་མིས་འགན་འཁུར་བ། གཏོགས་ཁོངས་ཀྱིས་ལྟ་འདོམས་བྱེད་པ། ལས་རིགས་མཐུན་སྦྱོར་བྱེད་པ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། ཆེད་དོན་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ། ཁེ་ལས་ལ་རོགས་ལམ་བྱས་ཏེ་གླ་པ་འགྲོ་འོང་དང་། ཞིང་ཆེན་སྒྲོལ་ནས་དངོས་ཟོག་སྐྱེལ་འདྲེན། རྣམ་གྲངས་ཀྱི་འཕེལ་རིམ་མ་དངུལ་འགན་ལེན་སོགས་ཀྱི་དངོས་ཡོད་དཀའ་ངལ་དང་གནད་དོན་སྣ་ཚོགས་མཐུན་སྦྱོར་ཐག་གཅོད་བྱས་ནས་རྣམ་གྲངས་བསྐྱར་དུ་ལས་འགོ་འཛུགས་པ་དང་ཐོན་སྐྱེད་སླར་གསོར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་རེད།

    དུས་མཚུངས་སུ“མེད་པ་གཉིས་དང་ཡོད་པ་གསུམ”(ལོགས་བཀར་མི་སྣ་མེད་པ་དང་ཉེན་ཁ་ཆེ་འབྲིང་མེད་པ། རིམས་འགོག་དངོས་ཟོག་གྲབས་གསོག་ཡོད་པ་དང་། ཉིང་སྐྱུར་བརྟག་དཔྱད་ཀྱི་ཆ་རྐྱེན་ཡོད་པ། གདུབ་ཟུམ་དོ་དམ་གྱི་སྒྲིག་བཀོད་ཡོད་པ)གྱི་བསྐྱར་དུ་ལས་འགོ་འཛུགས་པ་དང་ཐོན་སྐྱེད་སླར་གསོའི་ཆ་རྐྱེན་ལྟར་ལྗང་མདོག་བགྲོད་ལམ་བཏོད་དེ“ཁེ་ལས་ཀྱིས་རེ་ཞུ་བྱེད་པ་དང་། ཁྲིམས་མིས་ཞིབ་བཤེར་བྱེད་པ། གཏོགས་ཁོངས་ཀྱིས་ཆོག་མཆན་སྤྲོད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་མགྱོགས་མྱུར་ཞིབ་བཤེར་ཆོག་མཆན་སྤྲད་དེ་དངོས་ཡོད་རང་བཞིན་གྱི་ཐོན་སྐྱེད་ལས་དོན་ནང་གང་མགྱོགས་ཞུཌ་ཐུབ་པ་བྱ་རྒྱུ་རེད།

    མངའ་རིས་ས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཤའོ་ཡུས་ཀྱིས་སྤྱི་ཚོགས་ཐོག་རིམས་ནད་གཙང་སེལ་ཐུབ་པ་དེ་ནི་ཁྱོན་ཡོངས་ནས་གཙང་སེལ་ཐུབ་པ་ཞིག་མིན་ལ་རྦད་དེ་བཀག་སྡོམ་གློད་པ་ཞིག་མིན། དེ་ལས་སྤྱི་ཚོགས་ཐོག་རིམས་ནད་མཆེད་པའི་ཉེན་ཁ་ཚོད་འཛིན་ཐུབ་པ་མཚོན་གྱི་ཡོད། རིམས་ནད་སྔར་བཞིན་རྒྱུན་མཐུད་ཐོན་བཞིན་ཡོད་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མུ་མཐུད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱར་བརྩི་སྲུང་ཞུས་ནས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ། ལག་པ་ཡང་སེ་བཀྲུ་བ་དང་། ཁ་རས་རྒྱག་པ། གཙང་སྦྲ་ཡག་པོ་ཡོང་བ། འདུ་འཛོམས་མི་བྱེད་པ། རླུང་འགྲོ་ཡག་པོ་བྱེད་པ། དུག་སེལ་ཡག་པོ་བྱེད་པ། སྤྱི་ཚོགས་འབྲེལ་བའི་བདེ་འཇགས་བར་ཐག་འཇོག་པ་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་མཐའ་འཁྱོངས་བྱེད་དགོས། དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་བརྒྱུད་སྐུར་མི་བྱེད་བཅས་བྱེད་དགོས། གལ་ཏེ་མི་བདེ་བ་ཡོད་ཚེ་དུས་ཐོག་ཏུ་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་དགོས་པ་མ་ཟད། གནས་སྡོད་ལོ་རྒྱུས་དང་དེ་བཞིན་འབྲེལ་གཏུག་ལོ་རྒྱུས་ཇི་མ་ཇི་བཞིན་བཤད་ནས་ལས་སླ་པོར་བྱུང་བ་ཞིག་མ་ཡིན་པའི་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ད་ཐེངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་གཞོགས་འདེགས་ཞུ་དགོས་ཞེས་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།